ཀྲུང་གོ་བོད་ཀྱི་དྲ་བ།

སྙན་ངག་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : (རྨ་ལྷོ།)གཅན་རྣམ་ཐར།   སྤེལ་དུས། : 2017-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——ཀུ་རེ་ཡི་ཚུལ་དུ།

སྙན་ངག་པ། དོན་ངོ་མའི་སྙན་ངག་པ་ནི་ག་འདྲ་ཞིག་ཡིན་ནམ།

སྙན་ངག་པ། སྤྱི་ཚོགས་དང་འཚོ་བ་ལས་རིང་དུ་གྱེས།

སྙན་ངག་པར། རང་ཉིད་ཀྱི་ཚོར་བ་མ་གཏོགས། འཚོ་བའི་ཚོར་བ་མི་དགོས།

སྙན་ངག་པ། སྙན་གྲགས་ཀྱི་ཆེད་དུ་འཚོ་བ་ལས། སྤྱི་ཚོགས་ཀྱི་ཆེད་དུ་འཚོ་མི་དགོས།

སྙན་ངག་པར། རང་ཉིད་ཀྱི་ཚོར་བ་གླུ་རུ་ལེན་པའི་འགན་ཁུར་ལས།

སྤྱི་ཚོགས་ཀྱི་འཚོ་བ་གླུ་རུ་ལེན་པའི་འགན་ཁུར་དེ་འདྲ་མེད།

སྙན་ངག་པར། ཀློག་པ་པོ་རང་ཉིད་མ་གཏོགས་སྤྱི་ཚོགས་ཀྱི་ཀློག་པ་པོ་མི་དགོས།

སྙན་ངག་པ། དུས་དེབ་དང་ཚགས་པར་གྱི་བར་གསེང་དུ་འཛུལ་ཤེས་པ་ལས།

སྤྱི་ཚོགས་ཁོར་ཡུག་གི་རྙོག་འཛིང་དུ་འཛུལ་མི་ཤེས་ལ། འཛུལ་བར་ཧ་ཅང་སྐྲག

སྙན་ངག་པར། ཁྱི་ཡི་སྣ་ལས་ངར་བའི་དྲི་ཤེས་ཀྱི་ཚོར་བ་ཡོད།

སྙན་ངག་པར། ཝ་མོ་ལས་ངར་བའི་སྤྱང་གྲུང་འཛོམས།

སྙན་ངག་པས། མང་ཚོགས་དང་ཉེ་བར་བཅར་ནས་དྲང་གཏམ་མི་བརྗོད།

སྙན་ངག་པ། མུན་ཁུང་དུ་འཛུལ་ནས་རང་གི་སྙན་གྲགས་བརྩོན་ལེན་བྱེད་པར་ཀུན་ཏུ་མཁས།

སྙན་ངག་པ། དཔུང་ཁག་བསྡེབས་ནས་རང་གི་མཚན་སྙན་རླུང་ལ་བསྐུར་བར་ཤིན་ཏུ་མཁས།

སྙན་ངག་པ་ནི། སྤྱང་གྲུང་འཛོམས་པའི་སྤྱང་ཚོགས་ཀྱི་ཚོ་སྐོར་ཆེན་པོ་ཞིག་གོ། །

སྙན་ངག་པ་ནི། བརྗོད་མི་ཚར་བའི་གབ་ཚིག་རིང་མོ་ཞིག

སྙན་ངག་པ…

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།