ཀྲུང་གོ་བོད་ཀྱི་དྲ་བ།

བག་ཆགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སྨ་ར་ཅན།   སྤེལ་དུས། : 2017-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ངའི་ཁྱོད་ཀྱིས་བག་ཆགས་ལ་གཏན་ཏུ་རྒོལ་ལན་བསློག་གིན་མེད
ཐ་ན་མིག་ཆུའང་མཚམས་བཞག་ཡོད

ལག་པ་ཧ་ཅང་འཁོབ་དུས
བདག་གིས་ལྗོན་པའི་ཡལ་ག་དག་བྲིས་ནས
ཉི་མར་ལྡེ་བཞིན་ཡོད

མཚན་ཕྱེད་ཀྱི་དུས་ལ་ཡོལ་དུས
ངའི་འཁྲུལ་སྣང་ལ་ཁྱོད་ཀྱི་བག་ཆགས་ཀྱི་ཟྭ་འབྱེད་པའི་ལྡེ་མིག་ཞིག་ལག་ཏུ་ཚུད
འོན་ཏང
ལོ་ཕྱི་མའི་བག་ཆགས་ཀྱི་ནམ་མཁའ་བརྡིབས་སོང

སྐབས་དེར
རོལ་དབྱངས་ཀྱིས་བདག་གི་ཁ་ཤིན་ཏུ་སྐོམ
ཁྱོད་ཀྱི་བག་ཆགས་དང་གཏན་ཏུ་ཁ་བྲལ་ཐེངས་རེ་རེ་ནི
རྔོན་པ་དང་འཕྲད་པའི་སྡུག་བསྔལ་ལས་ཀྱང་ལྕི

ངའི་བག་ཆགས་ལ་ལེ་བདའ་བྱེད་ཀྱིན་མེད
ཁེར་རྐྱང་ལ་མི་གོམས་པའི་རང་ཉིད་ལ་གཤེ་གཤེ་གཏོང་བཞིན་ཡོད
ངའི་ནམ་མཁའ་ལ་ལེ་བདའ་བྱེད་ཀྱིན་མེད
མཚན་མོ་ལ་འཇིགས་པའི་རང་ཉིད་ལ་དམོ་བཞིན་ཡོད

ཆུ་ལས་ཆུ་བུར་བྱུང  མཚོ་ལས་སྨུག་པ་ལངས  བྲག་ལས་རྦབ་རྡོ་ཆད   གངས་ལས་ཆུ་རྒྱུན་འབབ

བག་ཆགས་ཀྱིས་ན་ཟུག་གྱི་ལྭ་བའི་ཕྱི་ནང་དང་སྟེང་འོག་གོ་ལྡོག
ངས་ཐ་ཚིག་གྱི་སྐུད་པ་དཀྲོལ་བཞིན་མལ་ལོ

2017.8.17

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།