བརྩེ་བའི་འོ་ཕྲན།

116.jpg

པུར་མིང་ལ་བཙན་རུང་ཟེར་ཞིང་དངོས་མིང་ལ་བསྟན་འཛིན་འོད་ཟེར་ཟེར།   ཕ་ཡུལ་ཁམས་རྫ་ཆུ་ཁ་བ་སྟེ་ཨ་རིག་གཡང་སྡེ་ཕྱུག་མོ་ནས་ཡིན།   རང་ཉིད་ལོ་༡༥ ནས་བཟུང་ལོ་༥ ཙམ་ཞིག་ལ་ནང་བསྟན་ཆོས་གཞུང་ལ་འཆད་ཉན་བྱས་པ་ཡིན།   དེ་ནས་རང་ཉིད་སྙན་ངག་ལ་དུངས་བ་ཟབ་པས་སྙན་ངག་གི་ཕ་ཁྱིམ་འདིར་འཕྲད་རྒྱུའི་རེ་མདུན་སྔོན་ནས་ཀྱང་ཡོད།  དེའི་ཕྱིར་ནང་བསྟན་ཆོས་གཞུང་ལ་འཆད་ཉན་བྱེད་པའི་ཁྲོད་དུ་སྙན་ངག་ལ་འབད་བརྩོན་བྱེད་བཞིན་པའི་གྲྭ་རྐྱང་ཞིག་ཡིན།


 རི་ཡི་གསེབ་ཀྱི་གསེར་ཆུང་སྦྲང་མ་དེས།།
མེར་མེར་བཞུད་པའི་གསེར་ཆེན་མེ་ཏོག་ལ།།
སེར་མཁྲེགས་ཤིག་གི་དགྲ་དམག་ཐོན་གཏང་ན།།
གསེར་ཆུང་སྦྲང་མའི་སེམས་པ་སྐྱོ་ལྷིང་ངེར།།
ནམ་མཁའི་གོང་མ་སེམས་ཤིག་ཡོད་རྒྱུ་ན།།
གསེར་ཆུང་སྦྲང་མར་སེམས་པ་གཏད་རན་རེད།

རི་ཕྱུགས་འཚོ་བའི་སྨན་བཟང་འབྲོག་མོ་དེས།།
སྟག་བཟང་ཤར་ལུ་བསོད་ནམ་མཐོ་རྒྱུ་བོ།།
འཆི་བདག་ཅིག་གིས་འཁྲིད་ནས་འགྲོ་རྒྱུ་ན།
སྨན་བཟང་འབྲོག་མོའི་སེམས་པ་སྡུག་ལྷིང་ངེར།།
ལས་དབང་རྒྱལ་པོ་སེམས་ཤིག་ཡོད་རྒྱུ་ན།།
སྨན་བཟང་འབྲོག་མོར་སེམས་པ་གཏད་རན་རེད།།


ལྗོན་ཤིང་རྒྱན་པའི་ལོ་མ་ཁེར་རྐྱང་དེས།།
ཆར་རླུང་སྒུག་པའི་རེ་བའི་ལོ་ཟླ་ལ།།
ལོངས་སྤྱོད་འཚོ་བའི་བྱ་ཁྱུ་འགའ་ཡིས་ནི།།
གཞན་ལ་འགྲོ་བའི་སེམས་པ་གླེང་གིན་འདུག །
ཆར་རླུང་དག་གིས་ཕྱོགས་ཙམ་རྡེབ་རྒྱུ་ན།།
ལོངས་སྤྱོད་འཚོ་བའི་བྱ་ཁྱུ་དགའ་ནས་ཡོད།།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།