བྱང་ཁོ་རེ་ཡའི་མ་ཧཱ་ར་ཛར་བགྲོ་བའི་གཏམ།

བྱང་ཁོ་རེ་ཡའི་མ་ཧཱ་ར་ཛར་བགྲོ་བའི་གཏམ།

བསམ་གྲུབ་ཀྱིས་བརྩམས།

མི་ཐུབ་དམག་དཔུང་མང་པོས་མཐའ་ནས་བསྐོར་ཅིང་། །

མི་འཇིགས་རྡུལ་མཚོན་གོ་ཆས་སོ་འཕྲེང་བསྒྲིགས་པའི། །

བྱང་ཕྱོགས་ས་གཞི་སྐྱོང་བའི་དབང་གི་རྒྱལ་པོ། །

ཕས་རྒོལ་ཕྱེ་མར་འཐག་པའི་གླང་ཆེན་སྨྱོན་པ། །

བག་མེད་ཁྲོ་ལྡན་དྲག་པོའི་སྐུ་རུ་བཞེངས་ཏེ། །

བཙན་ཐབས་ཕུར་བུ་མཁའ་ལ་གཏད་པ་ཙམ་གྱིས། །

ཁམས་གསུམ་ཐལ་བར་བརླག་པའི་གཏམ་དེ་བདེན་ན། །

དཔུང་སྟོབས་འདི་ལ་སུ་དང་གང་ཞིག་མི་འཇིགས། །

རྒྱལ་ཕྱུག་ཨ་རི་མ་ཧཱ་ཙི་ནའི་ཡུལ་སོགས། །

གོ་ལའི་གཙུག་ཕུད་འཕྲོག་པའི་རྒྱལ་ཁབ་དག་གི །

དྲེགས་དང་གྲགས་པ་མཐའ་དག་ཟིལ་གྱིས་གནོན་དུས། །

དམག་ཟོར་ལས་ལ་དགྱེས་ཁྱོད་སུ་ཡིས་མི་འདུད། །

ཚན་རྩལ་ལྟོང་ལས་ཤོར་བའི་མེ་ཤུགས་འཕུར་མདའ། །

ཡ་གླིང་རྒྱལ་ཕྲན་ལ་ལའི་སྙིང་ལ་ཕོག་ཚེ། །

མ་རུངས་སྡིག་སྤྱོད་ཅན་ལ་མི་འཚམ་མེད་ཀྱང་། །

མི་འོས་རིགས་རྣམས་བཅོམ་ན་ཕངས་པའི་གནས་སོ། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།