ཀྲུང་གོ་བོད་ཀྱི་དྲ་བ།

ཁྱེད་རང་སོང་ཤུལ་དུ།

  རྩོམ་པ་པོ། : ཁྲི་གོང་ཨོ་རྒྱན་ཚེ་རིང་།   སྤེལ་དུས། : 2018-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

                                     ཁྱེད་རང་སོང་ཤུལ་དུ།

                                                  ཁྲི་གོང་ཨོ་རྒྱན་ཚེ་རིང་།


ཁྱེད་རང་སོང་ཤུལ་དུ

ཅི་ཡིན་འདི་ཡིན་མེད་པར་སོན་འདེབས་ཀྱི་དུས་ལ་བསླེབས་སོང

ཁ་པར་དང་བརྙན་འཕྲིན  ད་དུང་རི་ལུང་ཐམས་ཅད་དུ

ལྕགས་གླང་གི་ངར་སྐད་དང  སྐར་ལྔའི་དར་མའི་སྐུལ་སློང་ཁྲོད

ཚང་མ་གྲོ་ནས་སྲན་གསུམ་གྱི་ལས་ལ་བྲེལ་ཞིང

ཅི་ཞིག་ཐོབ་འདོད་ཀྱིས་ཡོད་ཚད་ས་འོག་ལ་སྦས་སོང

 

ཁྱེད་རང་སོང་ཤུལ་དུ

ངས་ཁ་བའི་འདབ་མ་རེ་རེ་བཏབ་ནས

ཅི་ཞིག་སྐྱེ་བར་ཚོད་ལྟ་ཞིག་བྱེད་འདོད་མོད

ཁ་བ་ཆུ་རུ་གྱུར་ན་ས་བོན་ཅི་ཡིས་བྱེད

 

 ཁྱེད་རང་སོང་ཤུལ་དུ

ཁམ་བུའི་མེ་ཏོག་ས་གཞིར་ཁེབས་ཤིང

ཁ་བར་འདབ་ལོ་རྒྱས་ཏེ་རི་ལུང་ཆར་གྱིས་བརླན

 

ཁྱེད་རང་སོང་ཤུལ་དུ

ནམ་ཡང་འཇགས་མཐའ་མེད་པའི་དུང་པ་ཞིག་གིས

བཅོ་ལྔའི་ཟླ་བ་བཞིན

ཉིན་མཚན་མེད་པར་ཁོ་བོའི་ནམ་མཁར་བཏེགས་པས

ངས་ཀྱང་རིགས་རུས་ཤིག་གི་ཕ་རོལ་ནས

ཅི་ཞིག་ཐོབ་འདོད་ཀྱིས་ཡོད་ཚད་ས་འོག་ལ་སྦ་འདོད

         ༢༠༡༨ལོའི་ཟླ་༣ཚེས༢༨ཉིན་གྱི་ཞོགས་པའི་ཆུ་ཚོད་༢སྟེང་ལྷ་ས་ནས།

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།