ཀྲུང་གོ་བོད་ཀྱི་དྲ་བ།

ཀ་རྩོམ་རང་ཤོར་མ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསེར་དུང་སྙུག   སྤེལ་དུས། : 2018-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀ་རྩོམ་རང་ཤོར་མ།

གསེར་དུང་སྙུག    དཀར་མཛེས།


ཀ་རྩོམ་བྲིས་པ་འདི་ལ།།

ཁ་མིན་སྙིང་གི་གཏམ་ཡོད།།

ག་ལེར་གོ་བ་ལོངས་དང་།།

ང་ཡིས་རང་ལབ་རྟོགས་ཡོང་།།

ཅ་ལག་སྒོར་མོ་ཁུར་བའི།།

ཆ་མེད་ས་ཆ་འདིར་ཡོང་།།

ཇ་མིང་དར་རྩེ་མདོ་ཟེར།།

ཉ་མོ་ཟ་སའི་གནས་རེད།།

ཏ་ལ་སྔོ་ཚལ་མང་ཡང་།།

ཐ་སྙད་ཡིག་ནོར་མང་བའི།།

ད་ལྟའི་དར་རྩེ་མདོ་ནི།།

ན་བུན་སྟུག་པོས་བཟུང་འདུག།

པ་སངས་ཉི་མ་ཤར་འདྲས།།

ཕ་མེས་སྲོལ་རྒྱུད་འཛིན་པའི།།

བ་ཏན་སྙན་གྲགས་ཆེ་བའི།།

མ་ཡུམ་སི་བོད་མཇལ་བྱུང་།།

ཙ་རི་འདྲ་བའི་འདབས་ནས།།

ཚ་ཚའི་རིན་ཐང་ཤེས་པའི།།

ཛ་ལང་རྒྱུད་ནས་དོར་བའི།།

ལ་མིན་རིགས་གཞན་མཇལ་བྱུང་།།

ཞྭ་མོ་མགོ་ནས་ཕུད་ཅིང་།།

ཟ་མའི་མཆོད་ཅིག་འཕངས་ནས།།

འ་ཅག་རིག་པའི་ཁྱུ་ལ།།

ཡ་མཚན་གཏིང་ནས་རྙེད་སོང་།།

ར་སའི་གཙུག་ལག་ཁང་ནས།།

ལ་ཐོད་མགོ་ལ་དཀྲིས་པའི།།

ཤ་ཟན་མེས་པོའི་རྒྱུད་འཛིན།།

ས་གནས་འདི་ན་རྒྱས་འདུག།།

ཧ་ལམ་རིག་པའི་དཔྱད་ན།།

ཨ་ཇོ་བསྒུག་པ་ཡོད་འདྲ།།

ཨ་མཆོད་དབུས་འགྲོ་ཞིག་ལ།།

མ་མདོའི་གྲོང་ནས་བསྐུར་ཡོད།།

2018.6.5

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།