ལོ་འབྲས་ཡག་པོ།

མཐོན་པོ་དགུང་ལ་ཟུག་པ། །

ཨ་མྱེས་རྨ་རྒྱལ་སྦོམ་ར། །

སྤྲིན་པས་མཐའ་རུ་བརྒྱན་ཡོད། །

གཡང་གི་མཆོད་པ་ཕུལ་ཡོད། །

གནམ་ལོའི་བསང་དུད་ལང་ལོང་། །

ཕྱྭ་གཡང་རུ་མར་བལྟམས་ཏེ། །

སེམས་ཀྱི་དད་འདུན་ཟབ་མོ། །

ཀི་བསྭོ་ལྷ་ལ་བྱས་ཡོད། །

བརྩེ་བའི་གསེར་གདུབ་ཟུང་ལ། །

དུངས་པས་ལྷན་པ་བྱས་ཏེ། །

སྙིང་གཏམ་ཚིག་གི་ཤམ་བུ། །

ཟབ་མོའི་གཏིང་ལ་བཅོལ་ཡོད། །

ལོ་འབྲས་ཡག་གི་གཞས་ཤིག །

ལོ་ཡི་རྒྱན་ལ་བཏེགས་ཏེ། །

ལོ་ཆང་འདྲེན་པའི་གྲོགས་ལ། །

ལོ་གསར་རྟེན་དུ་བཏང་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།