བརྩེ་བ་དེའི་རྒྱབ་ན། 

༡   EQaཀྲུང་གོ་བོད་ཀྱི་དྲ་བ།

   ཟླ་ལྔ་བའི་མཚན་མོ་ནི་ཇི་འདྲའི་ཁུ་སུམ་མེར་འབུ་སྲིན་གྱི་འཕུར་ལྡིང་ཡང་སྟོངས་སེ་དབེན། ངའི་མལ་ཁྲི་ལས་འགྲེ་ལོག་རྒྱག་ཞོར་འཕྲེད་དུ་དཔྱངས་བའི་སྒེའུ་ཡོལ་རལ་བོ་ཕར་ལ་འཐེན་ནས་སྒེའུ་ཁུང་ལ་མགོ་བོ་བསྙེས། འོད་དཀར་གྱི་ཟེགས་མའི་སྒེའུ་ཁུང་བརྟོལ་ནས་ངའི་མཐོང་ལམ་གྱི་མུན་པ་ཁྱོན་ནས་སེལ། དུད་སྨུག་གི་ན་བུན་འོད་ཀྱིས་བཅོམ་པ་བཞིན་སླར་ཡང་ངའི་བེམ་གཟུགས་ལ་རྣམ་ཤེས་རྒྱུ་ནས་ཁོ་མོའི་འཇིག་རྟེན་དུ་འཁྲིལ་བའི་དྲུད།EQaཀྲུང་གོ་བོད་ཀྱི་དྲ་བ།

 ༢EQaཀྲུང་གོ་བོད་ཀྱི་དྲ་བ།

ནུབ་རེ་རེ་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་ཕན་ཚུན་གྱི་སྙིང་གཏམ་རྡོལ་བའི་བརྩེ་དུང་གི་གཏམ་རྒྱུད་མེད་ལ། འདོད་པའི་ཁང་བཟང་གི་ཤྭ་བོའི་འཁྲབ་སྟོན་བྱེད་པའི་ལུས་སྤྱོར་གྱི་ཆགས་པའི་ལོ་རྒྱུས་དེ་བས་མེད། འོན་སྟེ་བདག་ལ་ཡོད་པ་ནི་ཡ་ཆུང་གི་གཏིང་སར་འཐིམས་པའི་ཨ་འཐས་ཀྱི་དགའ་བ་རེད། དགའ་བ་སྟེ་རིས་མེད་ཀྱི་བུ་མོ་སུ་ཞིག་ལ་མི་ཤོར་་བར་དབང་མེད་དུ་ཁྱེད་ལ་སྙེགས་འགྲོ། ནམ་ཞར་ངའི་བརྩེ་བའི་མིག་རྒྱ་ན་ཤར་མར་ལྡོག་འཕྲོ་བྱུང་བ་ནི་ཁྱེད་ཀྱི་བབ་བསྟུན་གྱི་གཤིས་སྤྱོད་དང་ནེམ་ཤ་དོད་པའི་ངོ་མདངས་ལས་ཅི་ཡང་མི་བདོག  EQaཀྲུང་གོ་བོད་ཀྱི་དྲ་བ།

 ༣EQaཀྲུང་གོ་བོད་ཀྱི་དྲ་བ།

ཆེས་ཐོག་མའི་ཁ་པར་གྱི་འཕྲིན་ལམ་གསེང་ནས་ངའི་ཡིད་ཀྱི་དང་བ་ཚིག་གི་སྤྱོར་བ་ལ་བཅོལ་ནས་ཁྱེད་ཀྱི་མཐོང་ལམ་དུ་བཤམས་པ་ནས། ངའི་འཚོ་བ་ལ་དགའ་སྐྱོ་ཟུང་འབྲེལ་གྱི་རི་མོ་ཇེ་གསལ་དུ་ངོམ་ཡོང་། དགའ་བ་ནི་སེམས་ཀྱི་རེ་བལྟོས་འཆིང་སའི་དྲི་བ་རེ་རེ་ལ་ཡིད་མགུ་བའི་ལན་རེ་ལྡོག་པས་ཡིན། སྐྱོ་བ་ནི་ངའི་བརྩེ་བའི་ཚིག་ཚོགས་ལ་ཨ་ཐང་ཆད་པའི་བརྡ་རྟགས་རེ་བསྟན་པས་སོ། དེ་ལྟར་ངའི་འཚོ་བའི་ཁ་དོག་གི་མཛེས་སྡུག་ཁྱེད་ཀྱི་འོད་སྣང་གི་ཁ་ལོ་བསྒྱུར་བཞིན་ངའི་སྨིན་འབྲས་ཀྱི་ལོ་ཏོག་ལ་རེ་བ་བཅངས་ནས་ཡུན་རིང་འགོར།EQaཀྲུང་གོ་བོད་ཀྱི་དྲ་བ།

EQaཀྲུང་གོ་བོད་ཀྱི་དྲ་བ།

བརྩེ་བ་གཤའ་མ་ཅིག་གི་ཚ་རླབས་ཀྱིས་ཉིན་མཚན་ལྟོས་མེད་དུ་ངའི་ཀླད་པའི་འཁོར་རྒྱ་ནི་ཁྱེད་ཀྱི་གྲིབ་གཟུགས་དང་རྐང་རྗེས་ལས་ཅི་ཡང་མི་ཤར། ཉིན་མོར་སློབ་ཁང་དང་ཟ་ཁང་གི་མི་ཚོགས་ཁྲོད་ན་ཁྱེད་ཀྱི་རྒྱབ་གཟུགས་ལྷག་ཏུ་མཛེས་ལ།མཚན་མོར་རྨི་ལམ་གྱི་འཇིག་རྟེན་ཁྲོད་དུ་ཁྱེད་ཀྱི་འཛུམ་མདངས་དེ་བས་མཛེས། དགའ་བ་ནི་ངོ་མ་ཡིན་ལ་དུང་བ་ནི་གསོན་པོ་ཉིད།EQaཀྲུང་གོ་བོད་ཀྱི་དྲ་བ།

  ༥EQaཀྲུང་གོ་བོད་ཀྱི་དྲ་བ།

ནམ་ཞར་གྲོགས་པོ་དང་སྤུན་མཆེད་ལྷན་དུ་བརྩེ་དུང་གི་ལབ་རིང་འཐེན་ནས་དགའ་རོགས་ཀྱི་འདྲ་རིས་སྟོན་དུས། ངའི་ཁྱེད་ཀྱི་སྐར་འཕྲིན་གྱི་བར་སྟོང་གསེང་ནས་ལྐོག་སུད་སུད་ཀྱིས་གདམ་གསེས་བཤུས་པའི་འདྲ་པར་ག་ཞིག་བདག་ལ་དབང་ཆོག་ཆོག་གིས་ཁོ་ཚོར་བསྟན་མྱོང་། ད་དུང་ཁྱེད་ཀྱི་བག་ཡོད་གཞུང་དྲང་གི་གཤིས་འཇམ་ལ་བསྟོད་པའི་ཡོན་ཏན་སྤྲས་བཞིན་བདག་གི་ངོ་སོ་དང་གཟི་བརྗིད་དུ་ཡང་བགྲང་མྱོང་།EQaཀྲུང་གོ་བོད་ཀྱི་དྲ་བ།

  ༦  EQaཀྲུང་གོ་བོད་ཀྱི་དྲ་བ།

གྲོགས་པོ་རེའི་བཤད་རྒྱུར། བུ་མོ་ཞིག་ལ་བརྩེ་འཛུམ་གྱི་རི་མོ་བརྟས་པ་ནས་བུ་མོ་དེས་དུང་བའི་སོ་ཕྲེང་ངོམ་ནས་དེང་ལེན་གྱི་མགོ་བོ་གཡུག་པའི་བར་གསེང་ནི་ཆེས་སྐྱིད་པའི་བརྩེ་དུང་གི་ལོངས་སྤྱོད་ཅིག་ཡིན་པར་བསྙད། ཁོ་བོ་ནི་དེ་ལས་ལྡོག་སྟེེ་དང་ལེན་ཞེས་པའི་ཐ་སྙད་རེ་ལ་བརྩེ་བ་འཁྲུངས་ནས་སྨྲ་ལྕེ་དང་ཡིག་ཚོགས་ལ་ཡུན་རིང་དཀའ་ཚེགས་གཏད་ཀྱང་འབྲས་བུ་ནི་སྔར་བཞིན་ལས་དབང་ལ་ཁག་དཀྲི་ནས་སྐྱོ་གདུང་བསྩལ།EQaཀྲུང་གོ་བོད་ཀྱི་དྲ་བ།

 ༧
EQaཀྲུང་གོ་བོད་ཀྱི་དྲ་བ།

དེ་རིང་བདག་ནི་ལྟག་ཆུ་ཆད་པའི་མཚེའུ་ཁྲོད་ཀྱི་ཉ་མོ་ལྟར་བརྩེ་བའི་འཁྱུག་རྩལ་ལ་སྐྱེན་མྱུར་རེངས་ནས་ཉོར་བཞིན་ཆད་འདུག་པ་ཁྱོད་ཀྱི་ཚོར་རམ། ཕོ་མོ་ཟུང་སྤྲེལ་གྱི་བརྩེ་བའི་གླིང་ག་ན་འུ་གཉིས་ནི་འདམ་བཟོས་ཀྱི་སྐུ་འདྲ་བཞིན་ཕན་ཚུན་ལ་ཚོར་མེད་ལྐུགས་པ་འཆོས་པ་ནི་ལས་དབང་གི་བརྡ་ཆད་འདི་ལན་པ་ཡིན་ནམ། སྔོན་བསགས་ཀྱི་ཐོད་པའི་ཨ་ཡིག་ཕྲ་མོའི་བཀོད་སྒྲིག་ཡིན། ཁོ་བོ་རྨོངས་ནས་དབང་རྩ་སྤྲིད།EQaཀྲུང་གོ་བོད་ཀྱི་དྲ་བ།

 ༨EQaཀྲུང་གོ་བོད་ཀྱི་དྲ་བ།

བརྩེ་བ་ནི་མྱུ་གུ་བཞིན་འོད་སྣང་ཁོ་ནས་མི་གསོས་པ་ཆུ་ལུད་དགོས་ལ།   དུང་བ་ནི་འབྲི་ཞོ་བཞིན་འོ་མའི་མི་ཆོག་པར་རུ་མ་མཁོ།  །EQaཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།