ཉིན་ཐོ།

                            རྩོམ་པ་པོ།  ཧའེ་ཙི། བཀྲ་ཤིས་ལྷ་རྒྱལ་གྱིས་བསྒྱུར།                

    ཨ་ཅེ། དོ་ནུབ་ང་རང་གཏེར་ལེན་ཁ་རུ་ཡོད། མཚན་སྨག་གིས་བརྫིས་པའི།

    ཨ་ཅེ། དོ་ནུབ་གྲམ་ཐང་འབའ་ཞིག་ང་ལ་དབང་།

    རྩྭ་ཐང་གི་བས་མཐར་ངའི་ལག་ཟུང་སྟོང་པས།

    སྐྱོ་དུས་མིག་ཆུ་རྡོག་གཅིག་ཀྱང་འགོག་ཐབས་མི་འདུག

    ཨ་ཅེ། དོ་ནུབ་ང་རང་གཏེར་ལེན་ཁ་རུ་ཡོད།

    འདི་ནི་ཆར་ཆུའི་ཁྲོད་ཀྱི་མྱ་ངམ་གྱི་གྲོང་ཁྱེར་ཞིག་རེད།

    ལམ་འགྲོ་བ་དང་གཞིས་སྡོད་མཁན་དག་ལས།

    གཏེར་ལེན་ཁར། དོ་ནུབ།

    འདི་ནི་མཇུག་མཐའི་དུངས་བརྗོད་གཅིག་པུ་ཡིན།

    འདི་ནི་མཇུག་མཐའི་རྩྭ་ཐང་གཅིག་པུ་ཡིན།

    ངས་རྡོ་བ་རྡོ་བར་གཏད་ཅིང་།

    རྒྱལ་ཁ་ཡི་རྒྱལ་ཁ་བསྐུར།

    དོ་ནུབ་ཀྱི་ནས་ཆང་ཁམ་པ་མོ་རང་ཉིད་ལ་དབང་།

    ཡོད་ཚད་སྨིན་བཞིན་པས།

    དོ་ནུབ་ང་ལ་མཛེས་སྡུག་གི་གྲམ་སྟོང་ཁོ་ན་ལས་ཅི་ཡང་

    དབེན།

    ཨ་ཅེ། དོ་ནུབ་ངས་མིའི་རིགས་ཀྱི་བདེ་སྡུག་ལ་སེམས་གཡོར་མི་འདོད་པར། ཁྱོད་གཅིག་པུ་དྲན།

    ༢༠༡༤.༡༠.༥

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།