ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་རྒྱུར་སྔར་བས་སྐུལ་ལྕག་གཏོང་ཆེད། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའི་ཏང་སྤྱི་ཁྱབ་ཀྲི་པུས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས་ཏང་ཡོན་ལས་བྱེད་པ་ཡོངས་སྒྲིག་འཛུགས་ཀྱིས“ཐོག་མའི་བསམ་འདུན”གྱི་སློབ་གསོ་ཚོམས་ཆེན་ལ་ལྟ་སྐོར་བྱས་པ་རེད།

འཆད་འགྲེལ་པའི་སྣེ་ཁྲིད་འོག་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བོད་ལྗོངས་བཅིངས་འགྲོལ་གཏོང་བའི་སྙིང་སྟོབས་ནམ་ཡང་གནས་པ་དང་། ཏང་གི་སྒྲིག་ཁྲིམས་ནན་སྲུང་དང་རྒྱལ་ཁྲིམས་ལ་བརྩི་སྲུང་། ས་མཐོར་ལེགས་སྐྱེས་ཕུལ་ནས་སྤྱོད་གཙང་ངང་མི་ཚེའི་བྱས་རྗེས་གཏོད་པ། རུལ་སུངས་ལ་ཆད་གཅོད་བྱས་ནས་རྒྱལ་བདེ་དམངས་སྐྱིད་ཡོང་བ་སོགས་ཀྱི་འགྲེམས་ཁང11ལ་རིམ་པ་བཞིན་ལྟ་སྐོར་བྱས་པ་རེད། ལྟ་སྐོར་མཇུག་འགྲིལ་སྐབས་ཏང་ཡོན་རྣམས་ཀྱིས་ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་དུ་བཞག་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་ཆོད་སེམས་མཚོན་པར་བྱས་ཡོད།

ལྟ་སྐོར་ཚར་རྗེས་ཚང་མས་སླད་ཕྱིན་གྱི་ལས་ཀ་དང་འཚོ་བའི་ཁྲོད་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ་ཏང་གི་སྒྲིག་ཡིག་དང་། སྒྲིག་ཁྲིམས། སྒྲིག་སྲོལ་བཅས་སློབ་སྦྱོང་ལག་བསྟར་བྱེད་པའི་རང་འགུལ་རང་བཞིན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། གསར་དུ་བཟོ་བཅོས་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་གཏིང་ཟབ་བྱེད་པ། སྤྱོད་གཙང་རང་འདོམས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། རུལ་རྒོལ་འགྱུར་འགོག་གི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོར་འཛུགས་པ་བཅས་བྱས་ནས་སྤྱོད་གཙང་གཞུང་དྲང་གི་གུང་ཁྲན་ཏང་ཡོན་གྱི་རང་གཤིས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།