ཀྲང་ཀའོ་ལིས་ཀྱིས་ཞུང་ཨན་ས་ཁུལ་གསར་བ་འཛུགས་པའི་ཐད་ནས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཀའོ་ལིས་ཀྱིས་ཉེ་སྔོན་ཞུང་ཨན་ས་ཁུལ་གསར་བ་འཛུགས་པ་སོགས་ཀྱི་གནད་དོན་ཐད་ནས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས། ཀྲང་ཀའོ་ལིས་ཀྱིས་བཅར་འདྲིའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཞུང་ཨན་ས་ཁུལ་གསར་བའི་དུས་རིམ་སྔོན་མའི་ཇུས་འགོད་དང་། ཞིབ་འཇུག་ར་སྤྲོད། འཛུགས་པར་ཆོག་མཆན་འགོད་པ་བཅས་དུས་རིམ་སོ་སོའི་སྐབས་སུ་མགོ་འཛིན་མཛད་དེ་བསྡུས་པའི་གྲོས་ཚོགས་གལ་ཆེན་དང་། གསུང་བཤད་གལ་ཆེན། མཛུབ་སྟོན་མཆན་བཀོད་གལ་ཆེན་བཅས་མཚམས་སྦྱོར་བྱས།

ཀྲང་ཀའོ་ལིས་ཀྱིས་ད་དུང་པེ་ཅིན་གྱི་རྒྱལ་ས་མིན་པའི་ནུས་པ་བགྲོ་འགྲེམ་བྱེད་པའི་ཕྱོགས་ནས་ཞུང་ཨན་ས་ཁུལ་གསར་བའི་དམིགས་ཡུལ་དང་ནུས་པར་ཇི་ལྟར་རྒྱུས་ལོན་བྱེད་པ་དང་། རྒྱལ་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་དོན་ཆེན་ཁྲོད་དུ་དེར་དོན་སྙིང་གལ་ཆེན་ཅི་འདྲ་ཡོད་པ། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་མགོ་ཁྲིད་ཚན་ཆུང་གིས་རྗེས་ཕྱོགས་ཞུང་ཨན་ས་ཁུལ་ཇི་ལྟར་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་སོགས་ཀྱི་དྲི་བར་ལན་ཞིབ་མོ་བཏབ། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།