ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་འཛམ་གླིང་གནས་སྐོར་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

35.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་གནས་སྐོར་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་སྲིད་གཞུང་གིས་གནས་སྐོར་ལས་རིགས་ཀྱི་གོ་གནས་དང་ནུས་པར་མཐོང་ཆེན་བྱས་ཏེ་སྔ་གཞུག་ཏུ་གནས་སྐོར་ལས་རིགས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་གཏན་འཁེལ་བྱས་པ་དང་། དེའི་དམིགས་ཡུལ་ནི་གནས་སྐོར་ལས་རིགས་དེ་རྒྱལ་དམངས་དཔལ་འབྱོར་གྱི་འཐབ་ཇུས་རང་བཞིན་གྱི་ཐོན་ལས་གཙོ་བོ་དང་མི་དམངས་མང་ཚོགས་ཡིད་ཚིམས་པའི་དེང་རབས་ཞབས་ཕྱིའི་ལས་རིགས་སུ་གསར་སྐྲུན་བྱེད་རྒྱུ་དེ་ཡིན་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་སྲིད་གཞུང་གིས་མ་འོངས་པའི་ལོ་ལྔའི་ནང་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་བར་བརྟེན་ནས་མི་གྲངས་བྱེ་བ་གཅིག་དང་ས་ཡ་གཉིས་དབུལ་ཕོངས་ལས་ཐར་དུ་འཇུག་རྒྱུ་ཡིན། ང་ཚོས་ད་དུང་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གོ་གནས་གལ་ཆེན་ཏུ་བཞག་སྟེ་འཕེལ་རྒྱས་ཁྲོད་དུ་སྲུང་སྐྱོབ་དང་སྲུང་སྐྱོབ་ཁྲོད་དུ་འཕེལ་རྒྱས་སུ་འགྲོ་བ་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་མཐུན་སྦྱོར་བྱེད་པའི་བགྲོད་ལམ་ཞིག་ཏུ་སྐྱོད་པ་ཡིན་ཟེར།

མོ་ཙམ་པི་ཁེའི་ཙུང་ཐུང་ཉིག་ཞི་དང་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་གནས་སྐོར་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་རོས་ཧྥ་ཡེ་གཉིས་ཀྱིས་ཤིས་ཚིག་ཕུལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།   །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།