ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་དང་པོའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བུ་མོ་དང་བུད་མེད་སློབ་གསོའི་བྱ་དགའ་གནང་བའི་མཛད་སྒོ་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

5.jpg

ཟླ་དྲུག་པའི་ཚེས་དྲུག་ཉིན། སྐབས་དང་པོའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བུ་མོ་དང་བུད་མེད་སློབ་གསོའི་བྱ་དགའ་གནང་བའི་མཛད་སྒོ་པེ་ཅིན་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ལྕམ་མོ། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བུ་མོ་དང་བུད་མེད་སློབ་གསོའི་བྱ་བར་སྐུལ་འདེད་གཏོང་བའི་ཆེད་མངག་ཕོ་ཉ་ཕུན་ལིས་ཡོན་བྱ་དགའ་སྟེར་བའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

6.jpg

ཟླ་དྲུག་པའི་ཚེས་དྲུག་ཉིན། སྐབས་དང་པོའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བུ་མོ་དང་བུད་མེད་སློབ་གསོའི་བྱ་དགའ་གནང་བའི་མཛད་སྒོ་པེ་ཅིན་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ལྕམ་མོ། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བུ་མོ་དང་བུད་མེད་སློབ་གསོའི་བྱ་བར་སྐུལ་འདེད་གཏོང་བའི་ཆེད་མངག་ཕོ་ཉ་ཕུན་ལིས་ཡོན་བྱ་དགའ་སྟེར་བའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

7.jpg

ཟླ་དྲུག་པའི་ཚེས་དྲུག་ཉིན། སྐབས་དང་པོའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བྱིས་མོ་དང་བུད་མེད་སློབ་གསོའི་བྱ་དགའ་གནང་བའི་མཛད་སྒོ་པེ་ཅིན་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ལྕམ་མོ། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བྱིས་མོ་དང་བུད་མེད་སློབ་གསོའི་བྱ་བར་སྐུལ་འདེད་གཏོང་བའི་ཆེད་མངག་ཕོ་ཉ་ཕུན་ལིས་ཡོན་བྱ་དགའ་སྟེར་བའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྐབས་དང་པོའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བུ་མོ་དང་བུད་མེད་སློབ་གསོའི་བྱ་དགའ་སྟེར་བའི་མཛད་སྒོ་ཚེས་དྲུག་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་པའོ་ཁི་བ་བྱ་དགའ་སྟེར་བའི་མཛད་སྒོར་ཞུགས། རྒྱལ་སྤྱིའི་བུ་མོ་དང་བུད་མེད་སློབ་གསོ་ཟབ་སྦྱོང་འཛིན་གྲྭའི་སློབ་མ་དང་ཀྲུང་གོར་སྡོད་པའི་འབྲེལ་ཡོད་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་དང་ཀྲུང་གོར་སྡོད་པའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་དང་ད་རུང་པེ་ཅིན་གྱི་སློབ་གྲྭ་ཆེན་མོའི་སློབ་མའི་འཐུས་མི་བཅས་མི་སུམ་བརྒྱ་ལྷག་མཛད་སྒོར་ཞུགས། བྱ་དགའ་སྟེར་བའི་མཛད་སྒོའི་སྟེང་ཀྲུང་གོའི་བུ་མོ་དང་བུད་མེད་སློབ་གསོའི་གྲུབ་འབྲས་ཀྱི་བརྙན་ཐུང་བཏང་བ་དང་། བྱ་དགའ་ཐོབ་པའི་ལས་ཁུངས་ཀྱི་འཐུས་མི་གཉིས་ཀྱི་སོ་སོར་གཏམ་བཤད། རྒྱལ་སྤྱིའི་བུ་མོ་དང་བུད་མེད་སློབ་གསོའི་ཟབ་སྦྱོང་འཛིན་གྲྭའི་སློབ་མ་དང་། པེ་ཅིན་གྱི་སློབ་གྲྭ་ཆེན་མོའི་སློབ་མའི་འཐུས་མིས་མཉམས་དུ་ཕུན་སུམ་ཚོགས་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ལྕམ་མོ། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བུ་མོ་དང་བུད་མེད་སློབ་གསོ་བྱ་བར་སྐུལ་འདེད་གཏོང་བའི་ཆེད་མངག་ཕོ་ཉ་ཕུན་ལིས་ཡོན་བྱ་དགའ་སྟེར་བའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ། ཕུན་ལིས་ཡོན་གྱིས་བཤད་རྒྱུར། འདྲ་མཉམ་གྱི་སློབ་གསོ་ཐེབས་པའི་གོ་སྐབས་ལངས་སྤྱོད་བྱེད་པ་ནི་མི་ཁྱོན་ཡོངས་ནས་གོང་འཕེལ་དུ་གཏོང་བའི་རྨང་གཞི་གལ་ཆེན་ཡིན་ལ། བུ་མོ་དང་བུད་མེད་སློབ་གསོ་ལས་དོན་ནི་བླ་ན་མེད་པའི་ལས་དོན་ཞིག་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བུ་མོ་དང་བུད་མེད་སློབ་གསོ་བྱ་བར་སྐུལ་འདེད་གཏོང་བའི་ཆེད་མངག་ཕོ་ཉ་ཞིག་ཡིན་པའི་ཆ་ནས། ངས་རང་གི་འགན་འཁྲི་ལག་བསྟར་བཟང་བོ་བྱས་ནས། བུད་མེད་ལ་སློབ་གསོ་ཐེབས་པའི་ཁེ་དབང་མངོན་འགྱུར་བྱེད་པར་རང་གི་སྟོབས་ཤུགས་འབུལ་འདོད་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བུ་མོ་དང་བུད་མེད་སློབ་གསོའི་བྱ་དགའ་ནི་ཀྲུང་གོ་སྲིད་གཞུང་གིས་གྲོས་མགོ་བཏོན་པ་དང་དེར་མ་དངུལ་གྱིས་རོགས་སྐྱོར་བྱེད་པའི་བྱ་དགའ་ཞིག་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཁྱབ་ཁོངས་དེའི་ཁྲོད་བཙུགས་པའི་བྱ་དགའ་ཐོག་མའང་ཡིན། སློབ་གསོ་འདྲ་མཉམ་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་རེ་རེར་འདྲ་མཉམ་ཀྱི་སློབ་གསོ་ཐེབས་པའི་གོ་སྐབས་ཐོབ་པ་ནི་ཀྲུང་གོའི་གཞི་རྩའི་སློབ་གསོ་སྲིད་ཇུས་ཡིན། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་2030ལོའི་བར་གྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དང་2030ལོའི་སློབ་གསོ་འགུལ་སྐྱོད་སྤྱི་ཁོག་ལས་གཏན་ལ་ཕབ་པའི་དམིགས་འབེན་མངོན་འགྱུར་བྱེད་པར་མུ་མཐུད་དུ་འབད་བརྩོན་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།