ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་བཟའ་ཟླ་གཉིས་ཀྱིས་ནན་སི་ལ་ཧྥུའུ་མནའ་འབྲེལ་དུ་སྡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་འགས་གཏོར་བཏང་བའི་དོན་རྐྱེན་ཁྲོད་དཀའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་དཔའ་མོར་མྱ་ངན་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

ས་དེའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། པེ་ཨར་ཀི་ལའེ་ཏི་ནས་སེ་ཨར་ཝེ་ཡར་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱི་བྱ་འགུལ་ཐོག་མ་ནི་ནན་སི་ལ་ཧྥུའུ་མནའ་འབྲེལ་དུ་སྡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་འགས་གཏོར་བཏང་ཤུལ་དུ་སོང་ནས། གཞུང་ཚབ་ཁང་འགས་གཏོར་བཏང་བའི་དོན་རྐྱེན་ཁྲོད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་ཧྲའོ་ཡུན་ཧོད་དང་ཞུའུ་ཞིན་ཧུའུ། ཀྲུའུ་དབྱིན་བཅས་སྔོན་གཤེགས་དཔའ་བོ་དང་དཔའ་མོ་གསུམ་ལ་མྱ་ངན་ཞུས་པ་དེ་རེད།

4.jpg

ས་དེའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། པེ་ཨར་ཀི་ལའེ་ཏི་ནས་སེ་ཨར་ཝེ་ཡར་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱི་བྱ་འགུལ་ཐོག་མ་ནི་ནན་སི་ལ་ཧྥུའུ་མནའ་འབྲེལ་དུ་སྡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་འགས་གཏོར་བཏང་ཤུལ་དུ་སོང་ནས། གཞུང་ཚབ་ཁང་འགས་གཏོར་བཏང་བའི་དོན་རྐྱེན་ཁྲོད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་ཧྲའོ་ཡུན་ཧོད་དང་ཞུའུ་ཞིན་ཧུའུ། ཀྲུའུ་དབྱིན་བཅས་སྔོན་གཤེགས་དཔའ་བོ་དང་དཔའ་མོ་གསུམ་ལ་མྱ་ངན་ཞུས་པ་དེ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། པེ་ཨར་ཀི་ལའེ་ཏི་ནས་སེ་ཨར་ཝེ་ཡར་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱི་བྱ་འགུལ་ཐོག་མ་ནི་ནན་སི་ལ་ཧྥུའུ་མནའ་འབྲེལ་དུ་སྡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་འགས་གཏོར་བཏང་ཤུལ་དུ་སོང་ནས། གཞུང་ཚབ་ཁང་འགས་གཏོར་བཏང་བའི་དོན་རྐྱེན་ཁྲོད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་ཧྲའོ་ཡུན་ཧོད་དང་ཞུའུ་ཞིན་ཧུའུ། ཀྲུའུ་དབྱིན་བཅས་སྔོན་གཤེགས་དཔའ་བོ་དང་དཔའ་མོ་གསུམ་ལ་མྱ་ངན་ཞུ་རྒྱུ་དེ་རེད། སེ་ཨར་ཝེ་ཡའི་ཙུང་ཐུང་ཉི་ཁོ་ལེ་ཆི་དང་། གྲོས་དཔོན་ཀི་དབྱི་ཁོ་ཝེ་ཆི། ཙུང་ལི་ཝུའུ་ཆི་ཆི་སོགས་ཀྱིས་ནང་སྲིད་ཁོངས་མི་ཡོངས་རྫོགས་ཁྲིད་དེ་མྱ་ངན་བྱ་འགུལ་ལ་ཞུགས།

ས་དེའི་ཕྱི་དྲོའི་དུས་ཚོད་བཞི་དང་ཕྱེད་ཀའི་སྟེང་མྱ་ངན་ཞུ་བའི་མཛད་སྒོ་མགོ་བརྩམས། དམག་དཔུང་རམ་དཀྲོལ་ཚོགས་པས་རོལ་དབྱངས་དཀྲོལ་བ་དང་མི་ཚང་ཁུ་སིམ་མེར་དྲང་མོར་ལངས། སེ་ཨར་ཝེ་ཡའི་གུས་ལུགས་དམག་གིས་མེ་ཏོག་གི་ཕྲེང་བ་བཀྱགས་ཏེ་མདུན་དུ་སྐྱོད། ཞི་ཅིན་ཕེན་དང་ཉི་ཁོ་ལེ་ཆི་རྣམ་གཉིས་དལ་གྱིས་དེའི་རྗེས་སུ་འབྲངས་ཏེ་རྗེས་དྲན་རྡོ་རིང་གི་འགྲམ་དུ་ཐོན། སེ་ཨར་ཝེ་ཡའི་གུས་ལུགས་དམག་གིས་མེ་ཏོག་གི་ཕྲེང་བ་རྗེས་དྲན་རྡོ་རིང་གི་མདུན་དུ་བཞག་པ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མེ་ཏོག་གི་ཕྲེང་བའི་གོས་ཐག་ཡག་བཅོས་བྱས། གོས་ཐག་གི་སྟེང་དུ་སྔོན་གཤེགས་དཔའ་བོ་དཔའ་མོ་ཧྲའོ་ཡུན་ཧོད་དང་ཞུའུ་ཞིན་ཧུའུ། ཀྲུའུ་དབྱིན་བཅས་སྙིང་ནས་རྗེས་སུ་དྲན་ཞེས་བྲིས་ཡོད། མི་ཚང་མས་སྐར་ཆ་སུམ་ཅུའི་རིང་མྱ་ངན་ཞུས། མྱ་ངན་ཞུས་རྗེས་དམག་དཔུང་གི་རམ་དཀྲོལ་ཚོགས་པས་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། རྒྱལ་གླུ་དཀྲོལ་ཚར་རྗེས། ཕིན་ལིས་ཡོན་དང་། ཏི་ལཱ་ཆི་ཁྲ། གྲོས་དཔོན་ཀི་དབྱི་ཁོ་ཝེ་ཆི། ཙུང་ལི་ཝུའུ་ཆི་ཆི། སེ་ཨར་ཝེ་ཡའི་ནང་སྲིད་ཁོངས་མི་ཡོངས་རྫོགས། ཀྲུང་གོ་ཕྱོགས་ཀྱི་མི་སྣ་ཡོངས་རྫོགས་བཅས་ཀྱིས་རིམ་པ་བཞིན་རྗེས་དྲན་རྡོ་རིང་ལ་མེ་ཏོག་ཕུལ།

ཀྲུང་གོ་དང་སེ་ཨར་ཝེ་ཡ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་སེ་ཨར་ཝེ་ཡ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་དང་དམིགས་བསལ་གྱི་མཛའ་མཐུན་བརྩེ་སེམས་ནི་ཟུངས་ཁྲག་དང་ཚེ་སྲོག་གིས་གྲུབ་པ་ཡིན་པས། ངེས་པར་དུ་མི་རབས་ནས་མི་རབས་སུ་རྒྱུན་འཛིན་བྱེད་དགོས། ཀྲུང་གོ་དང་སེ་ཨར་ཝེ་ཡ་ཕྱོགས་གཉིས་ཀྱིས་ལག་གདང་མཉམ་སྦྲེལ་གྱིས་འཕེལ་རྒྱས་ལ་མཉམ་དུ་སྐུལ་བ་དང་ཞི་བདེ་ལ་མཉམ་དུ་བསྙེག་རྒྱུ་ཡིན་ཞེས་ནན་གྱིས་བསྟན།

ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ། དབྱང་ཅེ་ཁྲི་སོགས་མྱ་ངན་ཞུ་བའི་མཛད་སྒོར་ཞུགས།

གཅིག་སྟོང་དགུ་བརྒྱ་གོ་དགུ་ལོའི་ཟླ་ལྔ་བའི་ཚེས་བདུན་ཉིན། ཨ་མེ་རི་ཁ་གཙོ་བྱས་པའི་བྱང་ཆིངས་རྩ་འཛུགས་ཀྱིས་ནན་སི་ལ་ཧྥུའུ་མནའ་འབྲེལ་འགས་གཏོར་བཏང་བ་དང་། ནན་སི་ལ་ཧྥུའུ་མནའ་འབྲེལ་དུ་སྡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་ལ་འཕུར་མདས་འཇབ་རྒོལ་བྱས། གཞུང་ཚབ་ཁང་དུ་བྱ་བ་སྒྲུབ་བཞིན་པའི་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧྲའོ་ཡུན་ཧོས་དང་། འོད་ཟེར་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཞུའུ་ཞིན་ཧུའུ་དང་ཀྲུའུ་དབྱིན་བཅས་སྟབས་མ་ལེགས་པར་འཇབ་རྒོལ་ཁྲོད་ནས་སྐུ་གཤེགས་པ་དང་། མི་བཅུ་ཕྲག་འགའ་རྨས་ལ། གཞུང་ཚབ་ཁང་གི་ཁང་བར་གཏོར་བརླག་ཚབས་ཆེན་ཐེབས། ཉིས་སྟོང་དགུ་ལོའི་ཟླ་ལྔ་བའི་ཚེས་བདུན་ཉིན། པེ་ཨར་ཀི་ལའེ་ཏི་གྲོང་ཁྱེར་སྲིད་གཞུང་གིས་གཞུང་ཚབ་ཁང་གི་གནས་ཤུལ་གྱི་མདུན་ནས་རྡོ་རིང་བརྩིགས་ཏེ་བྱང་ཆིངས་རྩ་འཛུགས་ཀྱི་འགས་གཏོར་ཁྲོད་སྐུ་གཤེགས་པའི་ཀྲུང་གོའི་དཔའ་བོ་དཔའ་མོར་རྗེས་དྲན་ཞུས་པ་དང་། ཀྲུང་གོས་སེ་ཨར་ཝེ་ཡ་ལ་ཆེས་དཀའ་ངལ་ཆེ་བའི་དུས་སུ་རྒྱབ་སྐྱོར་ཆེན་པོ་གནང་བར་བཀའ་དྲིན་ཞུས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།