ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཞིག་ལེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བར་གཟིགས་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་བཞི་ཉིན་བར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོ་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀུའུ་ཞིག་ལེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བར་གཟིགས་ཞིབ་མཛད། ཁོང་མོས་རིམ་པ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཉམས་མྱོང་སྤྱི་བསྡོམས་དང་། མུ་མཐུད་དུ་འབད་བརྩོན། གསར་གཏོད་བརྩོན་ལེན་བཅས་བྱེད་དགོས་ལ། གྲུབ་འབྲས་སྔར་ལས་བཟང་བོ་བརྩོན་ལེན་བྱས་ནས། ན་གཞོན་ལོ་ཆུང་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྟོབས་ཤུགས་སྔར་ལས་མང་པོ་འབུལ་དགོས་ཞེས་ནན་གྱིས་གསུངས།

ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། ཀུའུ་ཞིག་ལེན་གྱིས་ཟི་ལིང་ནས་མཚོ་སྔོན་ཞིང་ཆེན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཡར་ཞུ་ལ་རྗེས། མཚོ་སྔོན་ཞིང་ཆེན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བར་ཁས་ལེན་གང་ལེགས་མཛད།

ཀུའུ་ཞིག་ལེན་གྱིས་ནན་གྱིས་གསུངས་རྒྱུར། རིམ་པ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཐད་གནང་བའི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་། སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོའི་བྱ་འགུལ་ཧུར་ཐག་སྒོས་སྤེལ་བར་མ་ཟད། དོན་དངོས་ཀྱི་བྱ་བའི་ཁྲོད་ལག་ལེན་མཐར་ཕྱིན་བྱས་ནས། ད་ལོའི་བྱ་བ་གཙོ་བོ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། རྩ་འཛུགས་འཛུགས་སྐྲུན་དང་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཕྱིན་ཆད་ལོ་ལྔའི་བྱ་བའི་འཆར་གཞི་བཟང་བོར་འགོད་པ་དང་། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བ་རྒྱུན་མཐུད་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཧུའུ་ཁྲང་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད། ཁོས་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་བདུན་གཅིག་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་ཀྲུའུ་རིན་ཀུའུ་ཞིག་ལེན་གྱི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱས་ནས། དོན་དངོས་ལ་རྐང་ཚུགས་པ་དང་། སློབ་སྦྱོང་འཆར་གཞི་འགོད་པ། སློབ་སྦྱོང་བྱེད་ཐབས་དོན་ཏུ་ཐོག་འཁྱོལ་བར་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་ལ་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།།

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།