ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྤྱིའི་དཔལ་འབྱོར་དངུལ་ལོར་ལས་ཁུངས་ཀྱི་འགན་ཁུར་བ་གཙོ་བོ་དང་མཉམ་དུ་སྒོར་ཅོག་གྲོས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་གཉིས་ཉིན་པེ་ཅིན་ནས་འཛམ་གླིང་དངུལ་ཁང་གི་མགོ་གཙོ་ཅིན་ཡུང་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚེ་ལ་ཅ་ཏི། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཨ་ཙི་ཝེ་ཏོ། རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ལེ་ཏི། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ལེ་ཡ། དངུལ་ལོར་བརྟན་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁ་ཉི་སོགས་དང་མཉམ་དུ་སྒོར་ཅོག་གྲོས་མོལ་ཚོགས་འདུ་བསྡུས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་གཉིས་ཉིན་པེ་ཅིན་ནས་འཛམ་གླིང་དངུལ་ཁང་གི་མགོ་གཙོ་ཅིན་ཡུང་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚེ་ལ་ཅ་ཏི། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཨ་ཙི་ཝེ་ཏོ། རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ལེ་ཏི། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ལེ་ཡ། དངུལ་ལོར་བརྟན་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁ་ཉི་སོགས་དང་མཉམ་དུ་སྒོར་ཅོག་གྲོས་མོལ་ཚོགས་འདུ་བསྡུས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཐེངས་འདིའི་གྲོས་མོལ་ཚོགས་འདུ་ལ་གསར་གཏོད་རང་བཞིན་གྱི་དོན་སྙིང་ལྡན་པ་དང་། དེ་ལས་ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་འདོད་ཡོད་པ་མཚོན་ཡོད། ཕྱོགས་སོ་སོས་ཆེ་ཕྱོགས་སྲིད་ཇུས་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་དགོས་པ་དང་། སྤྱིའི་དགོས་མཁོ་རྒྱ་བསྐྱེད་པ་དང་མཉམ་དུ་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས་ལ། འཛམ་གླིང་ཡོངས་ཀྱི་ཉོ་ཚོང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས། བཟོད་སྒོམ་རང་བཞིན་གྱི་འཕར་སྣོན་ལ་ཡར་སྐུལ་བྱེད་པ་དང་དངུལ་ལོར་སྔོན་དཔག་དུས་སྐབས་བརྟན་འཇགས་སུ་གཏོང་དགོས་ཟེར།

གྲོས་ཚོགས་ལ་ཞུགས་པའི་རྒྱལ་སྤྱིའི་དཔལ་འབྱོར་དངུལ་ལོར་ལས་ཁུངས་ཀྱི་འགན་འཁུར་བས་བཤད་རྒྱུར། རྒྱལ་ཁབ་སོ་སོས་ཆེ་ཕྱོགས་དཔལ་འབྱོར་དང་སྲིད་ཇུས་ལ་མཐུན་སྦྱོར་དམ་པོ་བྱས་ཏེ། སྣ་མང་ཉོ་ཚོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་ཡོངས་ཀྱི་དངུལ་ལོར་མ་ལག་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། གསར་གཏོད་དང་ལྗང་མདོག བཟོད་སྒོམ་རང་བཞིན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས། མཉམ་དུ་ཕྱི་ཕྱོགས་ལ་མཉམ་ལས་ལ་བརྟེན་ནས་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་འཕྲིན་བརྡ་ཞིག་གཏོང་དགོས་ཟེར། 

གྲོས་མོལ་ཚོགས་འདུའི་རྗེས་སུ། ལིས་ཁི་ཆང་དང་རྒྱལ་སྤྱིའི་དཔལ་འབྱོར་དངུལ་ལོར་ལས་ཁུངས་ཀྱི་འགན་འཁུར་བས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས་པར་མ་ཟད་ཁོ་ཚོས་བཏོན་པའི་དྲི་བར་ལན་བཏབ། 

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།