ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་མ་ཟད་ཚོགས་མགོ་བརྩམས་པའི་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

 ཟླ9བའི་ཚེས4ཉིན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཧང་ཀྲིག་འགྲེམ་སྟོན་ལྟེ་གནས་ནས་ཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་མ་ཟད་ཚོགས་མགོ་བརྩམས་པའི་ཤིས་ཚིག་ཕུལ། 

2.jpg

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་སྐུ་མགྲོན་རྒྱལ་ཁབ་ཀྱི་མགོ་ཁྲིད་པ། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་བཅས་ཀྱི་མཉམ་པར། 

3.jpg

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་སྐུ་མགྲོན་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་ཚོགས་རར་ཐོན་པ། 

4.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་མ་ཟད་ཚོགས་མགོ་བརྩམས་པའི་ཤིས་ཚིག་ཕུལ། 

5.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་མ་ཟད་ཚོགས་མགོ་བརྩམས་པའི་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཚེས་བཞི་ཉིན་ཧང་ཀྲིག་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་མ་ཟད་ཚོགས་མགོ་བརྩམས་པའི་ཤིས་ཚིག་ཕུལ། ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། དེང་སྐབས་ཀྱི་འགྲན་རྩོད་ལ་དམིགས་ནས། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་བབ་བསྟུན་མདུན་སྐྱོད་དང་ཤེས་ཉམས་གཅིག་གྱུར། མཉམ་སྐྲུན་མཉམ་སྤྱོད། སྐྱིད་སྡུག་མཉམ་མྱོང་བཅས་བྱས་ཏེ། འཛམ་གླིང་དཔལ་འབྱོར་དར་རྒྱས་བརྟན་འཇགས་སུ་གཏོང་བའི་ཁ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱས་ནས། འཛམ་གླིང་དཔལ་འབྱོར་སྟོབས་ལྡན་དང་རྒྱུན་སྲིང་། དོ་མཉམ། ཁོངས་ཡངས་བཅས་ཀྱི་སྒོ་ནས་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།

ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་སྐུ་མགྲོན་རྒྱལ་ཁབ་ཀྱི་མགོ་ཁྲིད་པ། སྔ་གཞུག་ཏུ་ཚོགས་རར་ཐོན། ཞི་ཅིན་ཕེན་གྱིས་ཁོ་ཚོ་རེ་རེར་ཕྱག་འཇུ་གནང་ནས་གསུང་གླེང་མཛད་པ་དང་། དེའི་རྗེས་སུ་ཚང་མས་མཉམ་དུ་པར་བླངས།

ཆུ་ཚོད་གསུམ་དང་ཕྱེད་ཀའི་སྟེང་། ཞི་ཅིན་ཕེན་གྱིས་ཤིང་གི་ཐོ་བས་སྒྲོག་ཙེ་བརྡུངས་ནས་མཐོ་རིམ་གྲོས་ཚོགས་ཚོགས་མགོ་བརྩམས་པ་ཁྱབ་སྒྲོག་མཛད།

ཞི་ཅིན་ཕེན་གྱིས་ཚོགས་མགོ་བརྩམས་པའི་ཤིས་ཚིག་འབུལ་སྐབས་བསྟན་དོན། དེང་སྐབས། འཛམ་གླིང་དཔལ་འབྱོར་སྤྱིའི་ཆ་ནས་བསྐྱར་དར་གྱི་རྣམ་པ་མངོན་ཡོད་མོད། ཡིན་ནའང་འཕར་སྣོན་གྱི་སྒུལ་ཤུགས་མི་འདང་བ་དང་མཁོ་འདོན་དར་རྒྱས་མི་ཆེ་བ། དངུལ་རྩའི་ཁྲོམ་ར་ཟང་ཟིང་ཡིན་པ། རྒྱལ་སྤྱིའི་ཉོ་ཚོང་དང་དངུལ་གཏོང་གི་ཚད་བསྟུད་མར་དམའ་བ་སོགས་ཉེན་ཁ་དང་འགྲན་རྩོད་མང་པོར་འཕྲད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ལ་རེ་བ་ཆེན་པོ་བཅངས་ཡོད་ལ། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ལ་རེ་སྒུག་ཆེན་པོ་བྱས་ཡོད། ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ཀྱིས་འཛམ་གླིང་དཔལ་འབྱོར་ལ་རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་ཇུས་བསྟར་གྱི་ཐབས་ཇུས་ཤིག་བཏོན་ནས། འཛམ་གླིང་དཔལ་འབྱོར་སྟོབས་ལྡན་དང་རྒྱུན་སྲིང་། དོ་མཉམ། ཁོངས་ཡངས་བཅས་ཀྱི་འཕར་སྣོན་བགྲོད་ལམ་དུ་བསྐྱོད་དུ་འཇུག་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཟེར།

ཞི་ཅིན་ཕེན་གྱིས་འཛམ་གླིང་དཔལ་འབྱོར་གྱི་དེང་སྐབས་ཀྱི་འགྲན་རྩོད་ལ་ཁ་གཏད་འཇལ་བར་འདོད་བློ་ལྔ་བཏོན། གཅིག ང་ཚོས་ཆེ་ཕྱོགས་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས། མཉམ་དུ་འཛམ་གླིང་དཔལ་འབྱོར་གྱི་འཕར་སྣོན་ལ་ཡར་སྐུལ་དང་དངུལ་རྩའི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། གཉིས། ང་ཚོས་འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད་བྱས་ཏེ་འཕར་སྣོན་གྱི་སྒུལ་ནུས་སྔོག་འདོན་བྱེད་དགོས། སྲིད་ཇུས་དང་བསམ་ཕྱོགས་ལེགས་སྒྲིག་བྱས་ཏེ། དུས་ཡུན་ཐུང་ངུའི་སྲིད་ཇུས་དང་དུས་ཡུན་རིང་འབྲིང་གི་སྲིད་ཇུས་གཉི་ག་གཙིགས་སུ་འཛིན་པ་དང་། དགོས་མཁོའི་ཕྱོགས་ཀྱི་དོ་དམ་དང་འདོན་སྤྲོད་ཕྱོགས་ཀྱི་བཅོས་སྒྱུར་གཉི་ག་གཙིགས་སུ་འཛིན་དགོས། གསུམ། ང་ཚོས་འཛམ་གླིང་དཔལ་འབྱོར་གྱི་བཅོས་སྐྱོང་འཐུས་ཚང་དུ་བཏང་ནས་རྐྱེན་སྲོལ་གྱི་འགན་སྲུང་སྲ་བརྟན་དུ་གཏོང་དགོས། རྒྱལ་སྤྱིའི་དངུལ་ལོར་དངུལ་རྩའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། རྒྱལ་སྤྱིའི་དངུལ་རྩའི་ལས་ཁུངས་ཀྱི་བཅོས་སྐྱོང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། འཛམ་གླིང་དངུལ་རྩའི་བདེ་འཇགས་དྲ་བ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། འཛམ་གླིང་དཔལ་འབྱོར་གྱི་ཉེན་འགོག་ནུས་པ་ཇེ་ཆེར་གཏོང་དགོས། བཞི། ང་ཚོས་སྒོ་འབྱེད་རྣམ་པའི་དཔལ་འབྱོར་འཛུགས་སྐྲུན་བྱས་ཏེ། ཉོ་ཚོང་དངུལ་གཏོང་གི་རང་དབང་ཅན་དང་སྟབས་བདེ་ཅན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། སྲུང་སྐྱོབ་རིང་ལུགས་ཀྱི་བྱེད་ཐབས་གསར་བ་མི་སྤྱོད་པའི་དམ་བཅའ་བརྩི་སྲུང་བྱས་ཏེ། དངུལ་གཏོང་སྲིད་ཇུས་ཀྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས། བྱེད་ཐབས་དངོས་ལ་བརྟེན་ནས་ཉོ་ཚོང་འཕར་སྣོན་འབྱུང་བར་ཡར་སྐུལ་བྱེད་དགོས། ལྔ། ང་ཚོས་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་དངོས་འབེབས་བྱས་ཏེ། ཁོངས་ཡངས་རང་བཞིན་གྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས། ད་ལོར་ང་ཚོས་འཕེལ་རྒྱས་དེ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་གྲོས་རིམ་གྱི་འབུར་ཐོན་གོ་གནས་སུ་བཞག་སྟེ། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་དངོས་འབེབས་གང་ལེགས་བྱེད་པར་མཉམ་དུ་དམ་བཅས་པ་མ་ཟད། འགུལ་སྐྱོད་འཆར་གཞི་གཏན་འབེབས་བྱས་ཡོད། ང་ཚོས་ད་དུང་ཨ་ཧྥེ་རི་ཁ་གླིང་དང་ཆེས་དར་རྒྱས་མིན་པའི་རྒྱལ་ཁབ་ཀྱི་བཟོ་ལས་ཅན་ལ་རྒྱབ་སྐྱོར་བྱེད་པ་སོགས་བརྒྱུད་དེ་འཛམ་གླིང་འཕེལ་རྒྱས་ཀྱི་འདྲ་མཉམ་མིན་པ་དང་དོ་མཉམ་མིན་པའི་རྒྱུ་རྐྱེན་ཇེ་ཉུང་དུ་བཏང་ནས། རྒྱལ་ཁབ་སོ་སོའི་མི་དམངས་ལ་འཛམ་གླིང་དཔལ་འབྱོར་འཕར་སྣོན་གྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་རེ་སྒུག་མཚོན་ཡོད་པ་དང་ལས་འགན་ཧ་ཅང་ལྗིད། ང་ཚོས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་འབད་བརྩོན་ཆེན་པོས་འཛུགས་སྐྲུན་བཟང་པོ་བྱས་ཏེ། འཛམ་གླིང་དཔལ་འབྱོར་གྱི་དར་རྒྱས་དང་བརྟན་འཇགས་ཀྱི་ཁ་ཕྱོགས་ཆེན་པོ་དམ་དུ་འཛིན་དགོས། གཅིག བབ་བསྟུན་མདུན་སྐྱོད་ཀྱིས་ཁྲིད་སྟོན་གྱི་ནུས་པ་འདོན་དགོས། འཛམ་གླིང་དཔལ་འབྱོར་གྱི་དགོས་མཁོ་གཞིར་བཟུང་ནས་རང་སྟེང་གི་འཕེལ་རྒྱས་ཁ་ཕྱོགས་ལེགས་སྒྲིག་བྱས་ཏེ། ཉེན་ཚབས་ལ་ཁ་གཏད་འཇལ་བ་ནས་རིམ་བཞིན་ཡུན་ཕན་བཅོས་སྐྱོང་གི་རྐྱེན་སྲོལ་ཕྱོགས་སུ་བསྒྱུར་དགོས། གཉིས། ཤེས་ཉམས་གཅིག་གྱུར་བྱས་ཏེ་དངོས་ཕན་འགུལ་སྐྱོད་སྤེལ་དགོས། ད་ལོར་རྒྱུན་སྲིང་འཕེལ་རྒྱས་དང་ལྗང་མདོག་དངུལ་རྩ། ཕན་ནུས་མཐོར་འདེགས། རུལ་སུངས་འགོག་རྒོལ་སོགས་ཁྱབ་ཁོངས་ནས་གཏན་འབེབས་བྱས་པའི་འགུལ་སྐྱོད་འཆར་གཞི་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། གསུམ། མཉམ་འཛུགས་མཉམ་སྤྱོད་ཀྱིས་མཉམ་ལས་ཀྱི་སྟེགས་བུ་སྐྲུན་དགོས། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ལྷག་པར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རེ་བར་ཞིབ་ཏུ་ཉན་ནས། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་བྱ་བར་སྔར་ལས་ཁོངས་ཡངས་རང་བཞིན་ལྡན་པར་བྱས་ཏེ། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་རེ་འདོད་བཟང་བོར་བསྐོང་དགོས། བཞི། སྐྱིད་སྡུག་མཉམ་མྱོང་གིས་གྲོགས་པོའི་སྙིང་སྟོབས་དར་སྤེལ་བྱེད་དགོས། འཛམ་གླིང་དཔལ་འབྱོར་གྱི་བར་ཆད་སྣ་ཚོགས་ཁྱད་དུ་བསལ་ནས་མ་འོངས་འཕར་སྣོན་གྱི་བགྲོད་ལམ་གསར་བ་བཏོད་དགོས། ང་ཚོས་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ཀྱིས་འཛམ་གླིང་དཔལ་འབྱོར་གྱི་འཕར་སྣོན་ལ་ཡར་སྐུལ་བྱེད་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཤུགས་སྣོན་པ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

དེའི་རྗེས་སུ་བསྡུས་པའི་དུས་རིམ་དང་པོའི་གྲོས་ཚོགས་སྟེང་། ཚོགས་འདུར་ཞུགས་པའི་མགོ་ཁྲིད་པས་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་འཕར་སྣོན་བྱེད་ཐབས་གསར་གཏོད་བྱེད་པའི་གྲོས་གཞི་ལ་དམིགས་ནས་བསམ་ཚུལ་བརྗེ་རེས་བྱས་ཏེ། ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་། ཚོགས་འདུར་ཞུགས་པའི་མགོ་ཁྲིད་པ་རྣམས་ཀྱིས་གཅིག་གྱུར་གྱིས་བལྟས་ན། ཆེ་ཕྱོགས་དཔལ་འབྱོར་གྱི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱུ་ནི་ཧ་ཅང་གལ་ཆེ་བས། འཕར་སྣོན་བྱེད་ཐབས་ངེས་པར་དུ་གསར་གཏོད་བྱེད་དགོས་པ་དང་འཕར་སྣོན་བྱེད་ཐབས་གསར་གཏོད་བྱེད་པར་གྲུབ་འབྲས་ཧ་ཅང་ཆེ་བར་འདོད།

ཝང་ཧུའུ་ཉིན་དང་ཝང་ཡང་། ལིས་ཀྲན་ཧྲུའུ། དབྱང་ཅེ་ཁྲི་སོགས་གོང་གི་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།