ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་ཡོ་ནན་གྱི་ཙུང་ལི་རོན་ཁྲུན་ཧྥུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

张德江.jpg

ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་ནན་གྱི་ཙུང་ལི་རོན་ཁྲུན་ཧྥུའུ་ལ་མཇལ་འཕྲད་གནང་།

张德江2.jpg

ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་ནན་གྱི་ཙུང་ལི་རོན་ཁྲུན་ཧྥུའུ་ལ་མཇལ་འཕྲད་གནང་། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་གཉིས་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་ནན་གྱི་ཙུང་ལི་རོན་ཁྲུན་ཧྥུའུ་ལ་མཇལ་འཕྲད་གནང་།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་ཡོ་ནན་གཉིས་ནི་མཛའ་མཐུན་ཁྱིམ་མཚེས་ཡིན། ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་སྤྱི་ཁྱབ་ཧྲུའུ་རོན་ཧྥུའུ་ཀྲུང་གཉིས་ཀྱིས་ཕན་ཚུན་བར་འཚམས་འདྲི་བྱས་ཏེ། ཕྱོགས་གཉིས་བར་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་བར་མ་ཟད། དུས་སྐབས་གསར་བའི་ཀྲུང་གོ་དང་ཡོ་ནན་གཉིས་ཀྱི་འབྲེལ་བའི་མགོ་བཟང་བོ་ཞིག་ཚུགས། ཀྲུང་གོ་དང་ཡོ་ནན་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་དུས་དང་རྣམ་པ་ཀུན་དུ་མཉམ་ལས་ཀྱི་འབྲེལ་བ་བཟང་བོ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཡོ་ནན་རྒྱལ་ཚོགས་དང་མཉམ་དུ་རིམ་པ་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་སྔར་ལས་གཙིགས་འཛིན་བྱེད་པ་དང་། ཕན་ཚུན་བར་གྱི་རྒྱལ་སྐྱོང་སྲིད་འཛིན་དང་ཁྲིམས་འཛུགས་ལྟ་སྐུལ་ཐད་ཀྱི་ཕན་ཡོད་ཉམས་མྱོང་དཔྱད་གཞིར་བཟུང་སྟེ། དངོས་གཉེར་མཉམ་ལས་ཀྱི་སྲིད་ཇུས་དང་ཁྲིམས་ལས་ཀྱི་ཁོར་ཡུག་བཟང་བོ་སྐྲུན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཇེ་དམ་དུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་མཉམ་ལས་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་སྟེ། ཀྲུང་གོ་དང་ཡོ་ནན་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

རོན་ཁྲུན་ཧྥུའུ་ཡིས་བཤད་རྒྱུར། ཡོ་ནན་ཕྱོགས་ཀྱིས་ཡོ་ནན་དང་ཀྲུང་གོ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་དང་མཉམ་ལས་ལའང་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུང་གོ་བར་གྱི་སྲོལ་རྒྱུན་མཛའ་བཤེས་སྔར་ལས་ཇེ་དམ་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།