ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་རྒྱལ་སྤྱིའི་ཚད་ལྡན་ཅན་གྱི་རྩ་འཛུགས་ཚོགས་ཆེན་སྐབས་སོ་དགུ་བར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་བཅུ་བཞི་ཉིན་པེ་ཅིན་ནས་རྒྱལ་སྤྱིའི་ཚད་ལྡན་ཅན་གྱི་རྩ་འཛུགས་ཚོགས་ཆེན་སྐབས་སོ་དགུ་བར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཆེད་དུ་ཐེངས་འདིའི་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཡོང་བ་དེ་ལས་ཀྲུང་གོས་ཚད་ལྡན་ཅན་གྱི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་མཚོན་ཡོད། རྒྱལ་ཁབ་སོ་སོས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་ཕན་ཚུན་འབྲེལ་མཐུད་བཟང་བོ་བྱས་ནས་ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་སྔར་ལས་ཇེ་མང་དུ་གཏོང་དགོས་ལ། སྔར་ལས་མང་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དེའི་ཁྲོད་དུ་ཞུགས་པར་རྒྱབ་སྐྱོར་བྱེད་པ་དང་། དོ་མཉམ་དང་ཡོངས་ཁྱབ་ཏུ་ཕན་པའི་རྒྱལ་སྤྱིའི་ཚད་ལྡན་ཅན་གྱི་མ་ལག་འཛུགས་སྐྲུན་བྱས་ནས། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དེ་རྒྱུན་མཐུད་དང་དོ་མཉམ། བཟོད་སྒོམ་བཅས་ཀྱི་སྒོ་ནས་འཕར་བར་ནུས་ཤུགས་འདོན་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ཚད་ལྡན་ཅན་གྱི་རྩ་འཛུགས་དང་དེའི་ཁོངས་མི་ཡོངས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་སྤྱིའི་ཚད་ལྡན་ཅན་གྱི་ལས་དོན་གོང་འཕེལ་དུ་འགྲོ་བ་དང་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།