ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཕེ་ལེ་སི་སྐུ་གཤེགས་པའི་ཐད་ནས་དབྱི་སི་རལ་གྱི་ཙུང་ལི་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དབྱི་སི་རལ་གྱི་སྔོན་ཆད་ཀྱི་མགོ་ཁྲིད་པ་ཕེ་ལེ་སི་སྐུ་གཤེགས་པའི་ཐད་ནས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་། ལིས་ཁི་ཆང་གིས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་པ་མ་ཟད་རང་ཉིད་ཀྱི་མིང་སྟེང་ནས་ཕེ་ལེ་སི་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་། ཕེ་ལེ་སི་ཡི་ཁྱིམ་མི་དང་དབྱི་སི་རལ་གྱི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།

ལིས་ཁི་ཆང་གིས་མྱ་ངན་ཞུ་བའི་གློག་འཕྲིན་ནང་བསྟན་དོན། སྐུ་ཞབས་ཕེ་ལེ་སི་ནི་དབྱི་སི་རལ་གྱི་ཆབ་སྲིད་པ་གྲགས་ཅན་ཡིན་ལ། དབུས་ཤར་ཞི་བདེའི་འཕེལ་རིམ་གྱི་སྐུལ་འདེད་པ་ཡིན་པས། རྒྱལ་སྤྱིའི་སྟེང་གི་མཚན་སྙན་ཆེན་པོ་ཡོད། ཁོས་གིས་ཀྲུང་གོ་དང་དབྱི་སི་རལ་གྱི་མཛའ་མཐུན་འབྲེལ་བར་ཡར་སྐུལ་བྱེད་པར་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་དབྱི་སི་རལ་གྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་བར་གལ་ཆེ་བའི་བྱས་རྗེས་ཆེན་པོ་བཞག་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། དེང་སྐབས་ཀྲུང་གོ་དང་དབྱི་སི་རལ་གྱི་འབྲེལ་བ་གོང་འཕེལ་དུ་སོང་བ་ཧ་ཅང་བཟང་། ཀྲུང་གོས་དབྱི་སི་རལ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་དབྱི་སི་རལ་གྱི་འབྲེལ་བ་མུ་མཐུད་དུ་བདེ་ཐང་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་སྤེལ་བྱས་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།