ཀྲུང་གོ་བོད་ཀྱི་དྲ་བ།

​རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་པ་དང་ཞི་ཅིན་ཕེན་སོགས་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

e28d273589df9d84dc2880143ee9a61b.jpg

ཟླ9བའི་ཚེས30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་རེ་བདུན་འཁོར་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་རྒྱལ་ཁབ་ཕྱི་ནང་གི་མི་རྣམས་དང་མཉམ་དུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུས། 

cc6595185ad5940024b88ebd0f2d1c6a.jpg

ཟླ9བའི་ཚེས30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་རེ་བདུན་འཁོར་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསུང་བཤད་གལ་ཆེན་གནང་། 

066730ca563b4d3f541fc726197dd7eb.jpg

ཟླ9བའི་ཚེས30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་རེ་བདུན་འཁོར་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་སྣེ་ལེན་ཚོགས་འདུར་མགོ་འཛིན་མཛད། 

27dcf7be28d4d4ff99c06872100abe28.jpg

ཟླ9བའི་ཚེས30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་རེ་བདུན་འཁོར་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་སུམ་བཅུ་ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་རེ་བདུན་འཁོར་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་རྒྱལ་ཁབ་ཕྱི་ནང་གི་མི་སྟོང་གཅིག་དང་ཉིས་བརྒྱ་ལྷག་དང་མཉམ་དུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུས།

མི་དམངས་ཚོགས་ཁང་ཆེན་མོའི་གསོལ་སྟོན་ཁང་དུ་གློག་འོད་རྣམ་པར་བཀྲ་བ་དང་སྐུ་མགྲོན་རྣམས་དགའ་སྤྲོའི་ལྷན་འཛོམས་བྱུང་ཡོད་ལ། བཀྲ་ཤིས་སྤྲོ་སྐྱིད་ཀྱི་རྣམ་པས་ཡོངས་སུ་ཁེངས་ཡོད། ཀྲུའུ་ཞི་སྟེགས་བུའི་རྒྱབ་ཏུ་རྔམ་བརྗིད་ལྡན་པའི་རྒྱལ་རྟགས་བཀལ་ཡོད་པ་དང་། 1949ལོ་ནས2016ལོ་ཞེས་པའི་ལོ་རྟགས་ནི་བཀྲག་མདངས་འཚེར་བའི་སྐར་ལྔའི་དར་དམར་གྱིས་མཛེས་པར་བརྒྱན་ཡོད།

ཆུ་ཚོད་བཅོ་བརྒྱད་ཙམ་གྱི་སྟེང་། མགྲོན་བསུ་རོལ་དབྱངས་དང་མཉམ་དུ་ཞི་ཅིན་ཕེན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་གསོལ་སྟོན་ཁང་དུ་ཕེབས་ལ། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།

སྣེ་ལེན་ཚོགས་འདུ་མགོ་བརྩམས་མ་ཐག དམག་དཔུང་རམ་དཀྲོལ་ཚོགས་པས་བློས་བླངས་དམག་གི་མདུན་སྐྱོད་རོལ་དབྱངས་དཀྲོལ་བ་དང་། ཚོགས་རའི་མི་ཡོངས་ཡར་ལངས་ཏེ་རྒྱལ་གླུ་བླངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་། ཞང་ཀང་དང་ཨོ་མིན་སྤུན་ཟླ་དང་། ཐའེ་ཝན་སྤུན་ཟླ། ཕྱིར་སྡོད་རང་མི་བཅས་ལ་བརྩེ་བའི་འཚམས་འདྲི་ཞུས་པ་མ་ཟད། ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རྒྱལ་ཁབ་སོ་སོའི་གྲོགས་པོ་རྣམས་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས།

ལིས་ཁི་ཆང་གིས་གསུངས་རྒྱུར། ལོ་ངོ་རེ་བདུན་གྱི་རིང་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱས་པས། རླབས་ཆེན་མེས་རྒྱལ་གྱིས་དབུལ་བོ་དང་གཉོམ་ཆུང་ནས་འཛམ་གླིང་གི་དཔལ་འབྱོར་ཕུང་བོ་ཆེན་པོ་གཉིས་པར་འགྱུར་བའི་འགྱུར་ལྡོག་མངོན་འགྱུར་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་བརྙས་བཅོས་མྱོང་བ་ནས་རླབས་ཆེན་བསྐྱར་དར་གྱི་འགྱུར་ལྡོག་མངོན་འགྱུར་བྱས་ལ། མི་དམངས་ཀྱི་འཚོ་བར་རྒྱབ་ལ་གོས་དང་ཁ་ལ་ཟས་ཀྱིས་མི་འདང་བ་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འགྱུར་ལྡོག་མངོན་འགྱུར་བྱས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། འོད་སྟོང་འབར་བའི་ལོ་རྒྱུས་ནི་ཉིན་རེ་རེའི་འབད་འཐབ་ལ་བརྟེན་ནས་བྲིས་པ་ཡིན། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན་ལ། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་དམིགས་ནས། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱས་པ་དང་། སེམས་ཤུགས་གཅིག་མཐུན་དང་དཀའ་ངལ་ཁྱད་བསལ་གྱིས་སྤྱིའི་དགོས་མཁོ་འོས་འཚམ་གྱིས་འཕར་སྣོན་གཏོང་བ་སྲུང་འཛིན་བྱས་པ་དང་མཉམ་དུ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཧུར་ཐག་གིས་སྤེལ་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་དཀའ་བའི་གྲུབ་འབྲས་གསར་བ་བླངས་ཡོད། ང་ཚོས་ཆེ་ཕྱོགས་སྙོམ་སྒྲིག་ནུས་ལྡན་སྒོས་ལག་བསྟར་དང་བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་འཁོར་རྒྱུག་སྤྱིར་བཏང་གིས་བརྟན་བརླིང་ཡིན་པ་དང་དཔལ་འབྱོར་སྒྲིག་གཞི་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱེད་པ་མངོན་འགྱུར་བྱས་པས། ཁྲོམ་རའི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་མཉམ་འདོན་བྱས་པ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་མཉམ་འཕེལ་བྱུང་། ལོ་མང་པོའི་རིང་ལ་བྱུང་མ་མྱོང་བའི་ཆུ་ལོག་གི་གནོད་འཚེ་ཆེན་པོར་ནུས་ལྡན་གྱིས་ཁ་གཏད་འཇལ་ཏེ། ཚད་ཆེས་མཐོ་བའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱས་ཡོད། ཀྲུང་གོས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ཕུན་སུམ་ཚོགས་པར་བསྡུས་ནས། གསར་གཏོད་དང་གསོན་ཤུགས། མཉམ་འགུལ། བཟོད་སྒོམ་བཅས་ཀྱི་འཛམ་གླིང་དཔལ་འབྱོར་སྒྲིག་འཛུགས་བྱེད་པའི་ཐུན་མོང་གི་ལྟ་བ་རྒྱ་ཆེན་བྱུང་། རང་རྒྱལ་གྱི་ལུས་རྩལ་པས་ལེ་ཡེའོ་ཨོ་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་སྟེང་འབད་འཐབ་ལྷོད་མེད་བྱས་པ་དེས་ཀྲུང་ཧྭའི་བུ་བུ་མོ་སྤྲོ་སེམས་སྔར་ལས་ཆེན་པོས་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཞུགས་པར་སྐུལ་མ་གཏོང་བཞིན་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་ནི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་སྐྲུན་པའི་གཞི་རྩ་ཡིན་པས། དཔལ་འབྱོར་འཛུགས་སྐྲུན་ཞེས་པའི་དཀྱིལ་སྙིང་འདི་དམ་འཛིན་ལྷོད་མེད་བྱས་ཏེ། དཔལ་འབྱོར་མྱུར་ཚད་རབ་འབྲིང་གིས་འཕར་སྣོན་འབྱུང་བ་སྲུང་འཛིན་བྱེད་པ་དང་། ཁྲོམ་རའི་ཉེན་ཁ་སྣ་ཚོགས་ལ་ནུས་ལྡན་གྱིས་བཀག་འགོག་བྱེད་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་གསར་གཏོད་ནུས་པ་དང་ཕྱོགས་བསྡུས་འགྲན་རྩོད་ནུས་པ། རྒྱུན་སྲིང་འཕེལ་རྒྱས་ཀྱི་ཆུ་ཚད་བཅས་སྔར་ལས་ཧུར་ཐག་གིས་མཐོར་འདེགས་བྱས་ཏེ། དཔལ་འབྱོར་རིམ་པ་རབ་འབྲིང་གི་ཕྱོགས་སུ་འཕེལ་བར་ཡར་སྐུལ་བྱེད་དགོས། མང་ཚོགས་ཀྱི་རེ་སྒུག་དང་དམ་དུ་སྦྲེལ་ཏེ་དོན་དངོས་སྒྲུབ་པ་དང་བྱེད་ཐབས་ནུས་ལྡན་སྤྱད་དེ། མང་ཚོསག་ལ་ལས་ཞུགས་ལས་སྐྲུན་སོགས་ཕྱོགས་ནས་གྲུབ་འབྲས་ཀྱི་ཚོར་སྣང་སྔར་ལས་མང་པོ་ཐོབ་པར་བྱེད་པ་དང་ཡོང་སྒོ་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས། སྤྱི་ཚོགས་འགན་སྲུང་སོགས་ཕྱོགས་ནས་ཐོབ་པའི་ཚོར་སྣང་སྔར་ལས་མང་པོ་ལྡན་པར་བྱས་ཏེ། རྒས་ན་གཉོར་མཁན་ཡོད་པ་དང་ན་ཚེ་སྨན་བཅོས་བྱེད་ཐུབ་པ། སྡོད་ན་འདུག་གནས་ཡོད་པ་བཅས་བྱེད་དགོས། སྐྱེ་ཁམས་ཁོར་སྲུང་དང་ཟས་རིགས་འཕྲོད་བསྟེན་སོགས་ཕྱོགས་ནས་བདེ་འཇགས་ཀྱི་ཚོར་སྣང་སྔར་ལས་མང་པོ་ཡོད་པར་བྱས་ཏེ་འཚོ་བའི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་དགོས། དབུལ་སྐྱོར་དབུལ་ཐར་སྔར་ལས་ཤུགས་ཆེན་པོས་སྤེལ་ཏེ། དབུལ་ཕོངས་མི་གྲངས་དང་དཀའ་ངལ་ཅན་གྱི་མང་ཚོགས་ལ་སྔ་མོ་ནས་འབྱོར་འབྲིང་གི་འཚོ་བ་རོལ་དུ་འཇུག་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ཁྱོན་ཡོངས་ནས་སྤེལ་ཏེ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་ཐོན་དབང་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ་དང་། ཁྲོམ་རའི་གཙོ་ཤུགས་ཡོད་ཚད་འདྲ་མཉམ་གྱིས་འགྲན་རྩོད་ཁྲོད་ཞུགས་སུ་འཇུག་པ། གཞི་རྩའི་སྤྱི་ཐུན་ཞབས་ཞུའི་འདྲ་མཉམ་རང་བཞིན་མཐོར་འདེགས་གཏོང་བ་བཅས་བྱས་ཏེ། བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཕན་སྔར་ལས་ཆེན་པོ་འདོགས་པར་ཡར་སྐུལ་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ཤུགས་སྔར་ལས་ཆེན་པོས་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། འཕེལ་རྒྱས་ལ་བཀག་འགོག་བྱེད་པ་དང་དམངས་ཚིས་ལ་མི་ཕན་པ། འདྲ་མཉམ་ལ་གནོད་སྐྱེལ་བའི་ལམ་ལུགས་ཀྱི་བཀག་རྒྱ་གཏོར་དགོས་པ་དང་། སྒོ་འབྱེད་རྒྱ་བསྐྱེད་དུ་གཏོང་རྒྱུ་རྒྱུན་འཁྱོངས་དང་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་སྤེལ་ནས། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ལ་ཡར་སྐུལ་བྱེད་དགོས། སྒྲུབ་ཞེས་པའི་ཡིག་འབྲུ་འདི་གཙོ་གནད་དུ་བཟུང་ནས་རང་འགུལ་གྱིས་བྱ་བ་སྒྲུབ་སྟེ། དཀའ་གནད་སྣ་ཚོགས་སེལ་བའི་ཁྲོད་ནས་རྒྱུན་ཆད་མེད་པར་རྣམ་པ་གསར་བ་གསར་གཏོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ལིས་ཁི་ཆང་གིས་བསྟན་དོན། ང་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཞང་ཀང་པས་ཞང་ཀང་སྐྱོང་བ། ཨོ་མིན་པས་ཨོ་མིན་སྐྱོང་བ། ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། ཞང་ཀང་དང་ཨོ་མིན་གྱིས་རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཐུན་མོང་མིན་པའི་ནུས་པ་འདོན་པ་དང་འཕེལ་རྒྱས་གསར་བ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་དུ་རྒྱུན་འཁྱོངས་དང་། གོ་གཉིས་ལོའི་ཐུན་མོང་ལྟ་བ་རྒྱུན་འཁྱོངས། ཐའེ་ཝན་རང་བཙན་ལ་མཐའ་གཅིག་ཏུ་ངོ་རྒོལ་བཅས་བྱས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་གཏོང་བར་སྲུང་སྐྱོབ་དང་ཡར་སྐུལ་བྱེད་རྒྱུ་ཡིན། རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཏེ། རྒྱལ་ཁབ་སོ་སོ་དང་ལག་རྡང་མཉམ་སྦྲེལ་གྱིས་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་དང་ཁེ་ཕན་ཐུན་མོང་ཚོགས་པ་སྐྲུན་རྒྱུ་ཡིན་ཟེར།

ལིས་ཁི་ཆང་གིས་མཇུག་མཐར་གསུངས་རྒྱུར། དུས་རབས་ཀྱིས་མི་རྣམས་ལ་མདུན་སྐྱོད་ཀྱི་འབོད་སྐུལ་གཏོང་བཞིན་པ་དང་འཕེལ་རྒྱས་ཀྱི་ལས་འགན་ལྕི་མོ་ང་ཚོའི་ཕྲག་ཏུ་བབས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་སྤེལ་བ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་སྤེལ་བ་བཅས་བྱས་ཏེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱས་ཏེ། སྔར་ལས་གཟི་བརྗིད་ལྡན་པ་དང་སྔར་ལས་རླབས་ཆེ་བའི་ལོ་རྒྱུས་གསར་བ་རྩོམ་དགོས་ཟེར།

དགའ་སྤྲོའི་རོལ་དབྱངས་ཁྲོད་དུ། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་རྣམ་པས་ཆང་ཕོར་མཉམ་དུ་བཀྱགས་ནས་ཀྲུང་གོ་གསར་བ་དབུ་བརྙེས་ཏེ་ལོ་རེ་བདུན་འཁོར་བར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་སྔར་ལས་དར་རྒྱས་འབྱོར་ཕྱུག་ལྡན་ཞིང་རིགས་སོ་སོའི་མི་དམངས་བདེ་སྐྱིད་ནད་མེད་ཡོང་བ། ཀྲུང་གོའི་མི་དམངས་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་མཛའ་བརྩེ་རྟག་ཏུ་བརྟན་པ་དང་མཉམ་ལས་ཡུན་དུ་གནས་པའི་སྨོན་འདུན་ཞུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་སྣེ་ལེན་ཚོགས་འདུར་མགོ་འཛིན་མཛད།

པེ་ཅིན་ན་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་མགོ་ཁྲིད་ཀྱི་ལས་གནས་ལས་བུད་པའི་བློ་མཐུན། ད་དུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་དམག་ཅུའི་ཨུ་ཡོན་གྱི་འགན་ཁུར་མྱོང་བའི་བློ་མཐུན་བཅས་སྣེ་ལེན་ཚོགས་འདུར་ཞུགས།

ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པ་དང་། དམངས་གཙོ་ཏང་ཁག་སོ་སོ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་པ། ཏང་ཁག་གང་ལའང་མི་གཏོགས་མི་སྣའི་འཐུས་མི། པེ་ཅིན་གྲོང་ཁྱེར་གྱི་འགན་ཁུར་པ། རྒྱལ་ཡོངས་ཀྱི་ངལ་རྩལ་དཔེ་ལེགས་དང་སྔོན་ཐོན་མི་སྣའི་འཐུས་མི། མི་རིགས་ས་ཁུལ་གྱི་བརྟན་འཇགས་དང་འཕེལ་རྒྱས། མཐུན་སྒྲིལ་བཅས་ཀྱི་ཆེད་དུ་བྱས་རྗེས་བཞག་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་ཚབ་པ། པེ་ཅིན་ན་ཡོད་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་མི་སྣ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་མི་སྣ་ཁ་ཤས། ཐེ་ཝན་སྤུན་ཟླ་དང་ཕྱིར་སྡོད་རང་མིའི་འཐུས་ཚབ་པ། ཀྲུང་གོར་འཚམས་འདྲི་བྱེད་བཞིན་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་དང་རྒྱལ་སྤྱིའི་མི་སྣ་གྲགས་ཅན་ཁ་ཤས། ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པ། ཀྲུང་གོར་སྡོད་པའི་རྒྱལ་སྤྱིའི་རྩ་འཛུགས་སོ་སོའི་འཐུས་ཚབ་པ། ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་དང་ཁོ་ཚོའི་བཟའ་ཟླ་བཅས་སྣེ་ལེན་ཚོགས་འདུར་ཞུགས།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།