ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཀྲུང་གོ་དང་ཕུ་ཐོ་ཡའི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་ལྔ་བའི་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

e18d2d9254eefe9e7ec3064d2b40f59b.jpg

      ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཨོ་མིན་ནས་ཀྲུང་གོ་དང་ཕུ་ཐོ་ཡའི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་ལྔ་བའི་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
 

6291b8924073b184e774a601de2e83f0.jpg

           ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཨོ་མིན་ནས་ཀྲུང་གོ་དང་ཕུ་ཐོ་ཡའི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་ལྔ་བའི་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར་ཨོ་མིན་ནས་ཀྲུང་གོ་དང་ཕུ་ཐོ་ཡའི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་ལྔ་བའི་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཝེར་ཏེ་གླིང་ཟུར་གྱི་ཙུང་ལི་ཞི་ཨར་ཝ་དང་། ཀི་ནེ་ཡ་པི་སོའི་ཙུང་ལི་པ་ཞི་ལོ་ཅ། མོ་ཙམ་པི་ཁེའི་ཙུང་ལི་ཏོ་ལོ་ས་ལི་ཨོ། ཕུ་ཐོ་ཡའི་ཙུང་ལི་ཁི་སི་ཐ་དང་ད་རུང་ཨན་ཀོ་ལ་དང་། པ་ཞི། ཏུང་ཏིས་བུན་བཅས་རྒྱལ་ཁབ་ཀྱི་སྲིད་གཞུང་གི་འཐུས་མི་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

ལིས་ཁི་ཆང་གིས་གསུངས་རྒྱུར་དང་ཀྲུང་གོ་དང་ཕུ་ཐོ་ཡི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་དེས་སྐད་དང་རིག་གནས་ལ་བརྟེན་པ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་གཙོ་བོར་འཛིན་པ། མཉམ་དུ་འཕེལ་རྒྱས་སུ་གཏོང་བ་དམིགས་འབེན་དུ་བརྩིས་ནས། ཨོ་མིན་གྱི་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་གོ་དང་ཕུ་ཐོ་ཡའི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་བར་གྱི་འབྲེལ་འདྲིས་ལ་ཤུགས་བསྣན་ནས་ནུས་པ་གལ་ཆེན་མུ་མཐུད་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཕུ་ཐོ་ཡའི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་དང་མཉམ་དུ་སྔར་ལས་བརྟན་པོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་འཛུགས་སྐྲུན་བྱས་ནས། སྤྱི་ཚོགས་ཀྱི་ལམ་ལུགས་དང་འཕེལ་རྒྱས་དུས་རིམ། རིག་གནས་རྒྱབ་ལྗོངས་བཅས་མི་གཅིག་པའི་རྒྱལ་ཁབ་ཀྱི་མཛའ་མཐུན་མཉམ་ལས་ཀྱི་མིག་དཔེ་སྐྲུན་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཕུ་ཐོ་ཡའི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་བར་གྱི་མཛའ་བཤེས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་ཕུ་ཐོ་ཡའི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་ལ་རོགས་རམ་འདོན་སྤྲོད་བྱེད་འདོད་ཡོད་པར་མ་ཟད། ཕྱིན་ཆད་ཀྱི་ལོ་གསུམ་ནང་ཀྲུང་གོས་གླེང་སྟེགས་སུ་ཞུགས་པའི་ཕུ་ཐོ་ཡའི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ཀྱི་བྱེད་ཐབས་བཅོ་བརྒྱད་ཁྱབ་སྒྲོག་བྱས་ཤིང་། བྱེད་ཐབས་ཀྱི་ནང་དོན་དཔལ་འབྱོར་ཉོ་ཚོང་དངུལ་གཏོང་དང་། དཔལ་འབྱོར་ལག་རྩལ། སྨན་བཅོས་འཕྲོད་བསྟེན། ཐོན་ནུས་མཉམ་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། རྒྱུན་མཐུད་འཕེལ་རྒྱས། རིག་གནས་སློབ་གསོ་སོགས་ཁྱབ་ཁོངས་མང་པོར་སྦྲེལ་ཡོད་ཟེར།

ཕུ་ཐོ་ཡའི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ལིས་ཁི་ཆང་གིས་ཀྲུང་གོ་སྲིད་གཞུང་གི་ཚབ་མཛད་དེ་བཏོན་པའི་མཉམ་ལས་བྱེད་ཐབས་ལ་དགའ་བསུ་ཞུས་པའི་ཚུལ་བསྟན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།