ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་ལག་བསྟར་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་ལག་བསྟར་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ།

«བསམ་འཆར»ལས་བསྟན་དོན། སྲིད་གཞུང་དང་ཚོང་ར་གཉིས་ཀྱི་འབྲེལ་བ་ཡང་དག་པའི་སྒོ་ནས་ཐག་གཅོད་བྱེད་པ་དང་།ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད་ཀྱི་ ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་སྲིད་གཞུང་གི་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱས་ནས། ཚོང་རར་སྤྲོད་དགོས་པའི་དབང་ཆ་ཚང་མ་ཚོང་རར་སྤྲོད་པ་དང་། དོ་དོམ་བྱེད་དགོས་པའི་བྱ་བ་ཚང་མར་དོ་དམ་བཟང་བོ་བྱེད་དགོས། ཀྲུང་དབྱང་དང་ས་གནས་གཉིས་ཀྱི་བརྩོན་སེམས་སྐུལ་སློང་བྱེད་པ་དང་། རྒྱལ་ཡོངས་གཞི་གཅིག་ཡིན་པ་རྒྱུན་འཁྱོངས་བྱས་ནས། ཆ་ཤས་ཀྱི་ཁེ་ཕན་དང་སྤྱིའི་ཁེ་ཕན་གཉིས་ཀྱི་འབྲེལ་བ་ཡང་དག་པའི་སྒོ་ནས་ཐག་གཅོད་བྱེད་པ་དང་། ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན། ས་ཁོངས་ལས་བརྒལ་བ་དང་ཁྱབ་ཁོངས་ལས་འགལ་བའི་དམིགས་འབེན་དང་ལས་འགན་གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་དགོས། སྤྱིར་སྐུལ་འདེད་གཏོང་བ་དང་གནད་ས་འབུར་དུ་ཐོན་པར་བྱེད་པ་གཉིས་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་བྱས་ནས། རྩ་གནད་ཀྱི་གཅིག་གྱུར་བཀོད་འདོམས་དང་ཚོད་འཛིན་ནུས་པ་ཇེ་ཆེར་གཏོང་དགོས།

ས་ཁུལ་དང་ལས་ཁུངས་སོ་སོས་འབྲེལ་ཡོད་འགན་འཁྲི་ལྟར། རྩ་གནད་ནང་ས་གནས་རང་དང་ལས་ཁུངས་རང་ལ་འབྲེལ་བ་ཡོད་པའི་དམིགས་འབེན་དང་ལས་འགན་གཙོ་བོའི་ལག་བསྟར་ཇུས་གཞི་གཏན་འཁེལ་བྱས་ནས། འགན་འཁྲི་གཙོ་བོ་དང་དུས་ཚོད། འཆར་གཞི་བཅས་གཏན་འབེབས་གསལ་བོ་བྱས་ཏེ། རྩ་གནད་ཀྱི་དམིགས་འབེན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།