ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«བདེ་ཐང་ཀྲུང་གོའི་2030ལོའི་འཆར་འགོད་རྩ་གནད»དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«བདེ་ཐང་ཀྲུང་གོའི་2030ལོའི་འཆར་འགོད་རྩ་གནད»དཔར་ནས་བཀྲམ་པར་མ་ཟད། བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་དེ་ལག་ལེན་མཐར་ཕྱིན་བྱེད་དགོས་པའི་རེ་བ་བཏོན།

«བདེ་ཐང་ཀྲུང་གོའི་2030ལོའི་འཆར་འགོད་རྩ་གནད»ལ་བསྡོམས་པས་ཁག་བརྒྱད་དང་ལེའུ་ཉེར་དགུ་ཡོད། དེའི་ནང་སྤྱིའི་འཐབ་ཇུས་དང་བདེ་ཐང་འཚོ་བ་ཁྱད་གདལ་དུ་གཏོང་བ། བདེ་ཐང་ཞབས་ཕྱི་བཟང་བོར་སྒྲུབ་པ། བདེ་ཐང་འགན་སྲུང་འཐུས་ཚང་དུ་གཏོང་བ། བདེ་ཐང་ཁོར་ཡུག་འཛུགས་སྐྲུན་བྱེད་པ། བདེ་ཐང་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། རྩ་འཛུགས་ལག་བསྟར་ལ་ཤུགས་སྣོན་པ་བཅས་ཀྱི་ནང་དོན་ཡོད།

«འཆར་འགོད་རྩ་གནད»ལས་བཀོད་དོན། བདེ་ཐང་ནི་མི་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བའི་དགོས་ངེས་ཀྱི་རེ་བ་ཡིན་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་རྨང་གཞིའི་ཆ་རྐྱེན་ཡང་ཡིན། རྒྱལ་དམངས་བདེ་ཐང་དང་ཚེ་ཐག་རིང་བ་མངོན་འགྱུར་བྱེད་པ་ནི་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་། མི་རིགས་དར་རྒྱས་སུ་གཏོང་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་ཡང་ཡིན་ཟེར།

བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པའི་རྨང་གཞི་གལ་ཆེན་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་བདེ་ཐང་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བ་དང་། མི་དམངས་བདེ་ཐང་ཡོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བའི་རྒྱལ་ཁབ་འཐབ་ཇུས་ཤིག་ཡིན་པར་མ་ཟད། འཛམ་གླིང་ཡོངས་ཀྱི་བདེ་ཐང་བཅོས་སྐྱོང་ཁྲོད་ཧུར་ཐག་སྒོས་ཞུགས་པ་དང་། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་རྒྱལ་སྤྱིའི་དམ་བཅའ་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། མ་འོངས་པའི་ལོ་བཅོ་ལྔ་ནི་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་འཐབ་ཇུས་གོ་སྐབས་གལ་ཆེན་ཞིག་ཡིན་ཟེར།

«འཆར་འགོད་རྩ་གནད»ལས་ནན་གྱིས་བསྟན་དོན། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། མར་ཁི་སི་ལའེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕེན་གྱི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་། གཞི་ལྔ་སྣེ་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་སྒོས་འཆར་འགོད་དང་འཕེལ་རྒྱས་སུ་གཏོང་བ་དང་། ཁྱོན་ཡོངས་བཞི་བའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བར་དམ་པོར་དམིགས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་དང་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ནས། ཡང་དག་པའི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་སུ་གཏོང་བ་གཙོ་བོར་འཛིན་པ་དང་། བདེ་ཐང་འཚོ་བ་ཁྱབ་གདལ་དུ་གཏོང་བ་དང་བདེ་ཐང་ཞབས་ཕྱི་བཟང་བོར་སྒྲུབ་པ། བདེ་ཐང་འགན་སྲུང་འཐུས་ཚང་དུ་གཏོང་བ། བདེ་ཐང་ཁོར་ཡུག་འཛུགས་སྐྲུན་བྱེད་པ། བེད་ཐང་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་བཅས་གནད་སར་བཞག་སྟེ། མི་དམངས་ཀྱི་བདེ་ཐང་ལ་ཁྱོན་ཡོངས་ནས་འགན་སྲུང་བྱེད་པ་དང་། བདེ་ཐང་གི་ཆུ་ཚད་ཆེས་ཆེར་མཐོར་འདེགས་སུ་གཏོང་བ། ནུས་ཡོད་སྒོས་བེད་ཐང་འདྲ་མཉམ་ཡོང་བར་བྱས་ཏེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བདེ་ཐང་གི་རྨང་གཞི་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

«འཆར་འགོད་རྩ་གནད»ལས་བསྟན་དོན། མཉམ་འཛུགས་མཉམ་སྤྱོད་བྱེད་པ་དང་དམངས་ཡོངས་བདེ་ཐང་ཡོང་བར་བྱེད་པ་ནི་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་བརྗོད་བྱ་གཙོ་བོ་ཡིན། དེའི་ནང་དོན་གཙོ་བོ་ནི་མི་དམངས་བདེ་ཐང་ཡོང་བ་གཙོ་བོར་འཛིན་པ་དང་། གཞི་རིམ་གནད་སར་འཇོག་པ་རྒྱུན་འཁྱོངས་བྱས་ནས། བཅོས་སྒྱུར་གསར་གཏོད་དང་སྔོན་འགོག་བྱེད་པ་གཙོ་བོར་བཟུང་སྟེ། ཀྲུང་ལུགས་དང་ཞི་ལུགས་གསོ་རིག་སྨན་བཅོས་མཉམ་དུ་བཀོལ་སྤྱོད་བྱས་ནས། བདེ་ཐང་སྲིད་ཇུས་ཡོངས་དང་སྦྲེལ་བ་དང་། མི་དམངས་མཉམ་འཛུགས་མཉམ་སྤྱོད་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་བའི་བྱེད་ཕྱོགས་ལག་བསྟར་བྱེད་དགོས་ཟེར།

དམངས་ཡོངས་ཀྱི་བདེ་ཐང་ནི་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གཞི་རྩའི་དམིགས་འབེན་ཡིན་པས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ལ་རྐང་བཙུགས་ཏེ། འདྲ་མཉམ་དང་གོ་རིམ། རྒྱུན་མཐུད་བཅས་ཀྱི་བདེ་ཐང་ཞབས་ཞུ་འདོན་སྤྲོད་བྱས་ནས། སྔར་ལས་བཟང་བའི་དམངས་ཡོངས་ཀྱི་བདེ་ཐང་ཆུ་ཚད་མངོན་འགྱུར་བྱེད་དགོས་ཟེར།

2023ལོའི་བར་དུ། དམངས་ཡོངས་ཀྱི་བདེ་ཐང་ལམ་ལུགས་ཀྱི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། བདེ་ཐང་ཁྱབ་ཁོངས་ཀྱི་འཕེལ་རྒྱས་སྔར་ལས་མཐུན་སྦྱོར་ཡོང་བར་བྱེད་པ། བདེ་ཐང་འཚོ་བ་རོལ་སྟངས་སྔར་ལས་ཁྱབ་གདལ་དུ་གཏོང་བ། བདེ་ཐང་ཞབས་ཞུའི་སྤུ་ཚད་དང་བདེ་ཐང་འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ། བདེ་ཐང་ཐོན་ལས་དར་རྒྱས་གོང་འཕེལ་དུ་གཏོང་བ། བདེ་ཐང་འདྲ་མཉམ་ཡོང་བ་ཕལ་ཆེར་མངོན་འགྱུར་བྱེད་ཐུབ་པར་མ་ཟད། བདེ་ཐང་དམིགས་ཚད་དེ་ཡོང་སྒོ་མཐོ་བའི་རྒྱལ་ཁབ་ཀྱི་གྲས་སུ་ཞུགས་ཐུབ། 2025ལོའི་བར་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་དང་མཐུན་པའི་བདེ་ཐང་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།