ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ལྷན་ཁང་ཏང་ཙུའུ་ཡིས་གྲོས་ཚོགས་བསྡུས་ཏེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་བརྒྱད་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཀྲང་ཏི་ཅང་གིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གསུང་བཤད་གནང་།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་ནི། མིག་སྔར་དང་མ་འོངས་པའི་དུས་ཡུན་གང་འཚམ་རིང་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་འོས་འགན་གལ་ཆེན་ཞིག་ཡིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ཏང་ཙུའུ་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས། ཏང་ཡོན་དང་ལས་བྱེད་པ་ཡོངས་བཅས་ཀྱིས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱེད་པ་དང་གོ་བ་ཡང་དག་བླངས་ནས། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐབས་ཇུས་གལ་ཆེན་གྱི་བཀོད་སྒྲིག་སྟེང་དུ། བསམ་བློ་དང་སྦྱོར་བ་གཉིས་གཅིག་གྱུར་ཡོང་བར་འབད་དེ། བར་མ་ཆད་པའི་ངང་ཏང་འཛུགས་གསར་བའི་རླབས་ཆེན་བཟོ་སྐྲུན་གོང་ནས་གོང་དུ་སྤེལ་དགོས།

གྲོས་ཚོགས་ལས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་སྲོག་ཤིང་གོ་གནས་གསལ་སྟོན་བྱས་པ་དང་། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དངོས་སུ་བཏོན་པས། དེ་ནི་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས། རིགས་སོ་སོའི་མི་དམངས་བཅས་ཀྱི་ཐུན་མོང་གི་རེ་འདུན་ཡིན་ལ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་ཡར་ལྡན་དུ་སྤེལ་བ་དང་། ཏང་གི་གསར་སྐྲུན་གྱི་ནུས་པ་དང་ཆིག་སྒྲིལ་གྱི་ནུས་པ། འཐབ་རྩོད་ཀྱི་ནུས་པ་བཅས་མཐོར་འདེགས་གཏོང་བའི་ཁ་ཚ་དགོས་གཏུག་གི་བླང་བྱའང་ཡིན། དེ་མིན་ད་དུང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཡང་དག་པའི་ཁ་ཕྱོགས་སུ་འཕེལ་བར་བྱེད་པའི་འགན་སྲུང་ཡང་ཡིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་དང་རྒྱལ་ཡོངས་དམངས་ཆེན་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས། ཏང་ཡོན་ལས་བྱེད་པ་ཡོངས་བཅས་ཀྱིས། སྔར་ལས་ལྷག་པའི་སྒོ་ནས་འདུ་ཤེས་བཞི་དང་ཁྱད་པར་དུ་འདུ་ཤེས་གཙོ་བོ་དང་ཁ་མིག་ཡར་ལྟ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། རང་རྟོགས་ཀྱི་སྒོ་ནས་བསམ་བློ་དང་ཆབ་སྲིད། སྦྱོར་བ་བཅས་ཀྱི་སྟེང་ནས། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོ་ཡོང་བར་འབད་དེ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཤུགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།