ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡིས་གྲོས་ཚོགས་བསྡུས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

fa1731b28208d9cf13821bef5fc19ef9.jpg

རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡིས་ཟླ་བཅུ་བའི་ཉེར་བརྒྱད་ཉིན་གྱི་སྔ་དྲོར་གྲོས་ཚོགས་བསྡུས་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡིས་ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར་གྲོས་ཚོགས་བསྡུས་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཚོགས་ཐོག་ནས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་དུས་རིམ་དུ་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན་པས། དོན་སྙིང་གལ་ཆེན་ལྡན། ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། ཏང་ཁྱོན་ཡོངས་ནས་ནན་གྱིས་སྐྱོང་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས། ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་འཛུགས་སྐྲུན་ཐད་ཀྱི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་དང་། ཉེ་བའི་ལོ་འགའི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཏང་ཁྱོན་ཡོངས་ནས་ནན་གྱིས་སྐྱོང་བའི་གཞུང་ལུགས་དང་ལག་ལེན་ལ་སྤྱི་སྡོམ་བྱས་པ་མ་ཟད། གནས་བབ་གསར་བའི་འོག་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ནས་བཀོད་སྒྲིག་ཆེན་པོ་བྱས་ཏེ། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བ་སྔར་ལས་བཟང་བོ་སྤེལ་བར་སྐུལ་འདེད་བྱས། ཚང་འཛོམས་གྲོས་ཚོགས་སྟེང་གནས་བབ་གསར་བའི་འོག་གི་ཏང་ནང་གི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་དང་ཀྲུང་གོ་གུང་ཁྲན་ཏང་ནང་གི་ལྟ་སྐུལ་སྲོལ་ཡིག་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། དེ་ནི་ཏང་ཁྱོན་ཡོངས་ནས་ནན་གྱིས་སྐྱོང་བ་དང་། གནས་བབ་གསར་བའི་འོག་གི་ཏང་ནང་གི་ཆབ་སྲིད་འཚོ་བ་ཚད་ལྡན་དུ་གཏོང་བ་དང་ཤུགས་སྣོན་པ། ཏང་ནང་གི་ལྟ་སྐུལ་ལ་ཤུགས་སྣོན་པའི་འཐབ་ཇུས་བྱེད་ཐབས་དང་ལམ་ལུགས་བཀོད་སྒྲིག་ཡིན་ལ། ཏང་ཁྱོན་ཡོངས་ནས་ནན་གྱིས་སྐྱོང་བའི་ཁྲོད་གནས་པའི་འབུར་ཐོན་གནད་དོན་ཐག་གཅོད་པའི་ཐད་དོན་སྙིང་གལ་ཆེན་ལྡན་པ་དང་། དེས་ཏང་ཡོངས་ཀྱིས་ཧུར་ཐག་གིས་རང་ཉིད་དྭངས་གཙང་དང་རང་ཉིད་འཐུས་ཚང་དུ་གཏོང་བ། རང་ཉིད་གསར་བཅོས་བྱེད་པའི་ཆབ་སྲིད་ཀུན་སྤྱོད་དང་། ཏང་སེམས་དམངས་སེམས་མཚོན་པར་བྱེད་པས། དུས་དང་མཐུན་ལ་ཧ་ཅང་གལ་ཆེ་ཟེར།

ཚོགས་ཐོག་ནས། ཚང་འཛོམས་གྲོས་ཚོགས་སྟེང་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དངོས་སུ་བཏོན་པ་དང་། དེ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་ལྟ་བ་ཡིན་ལ། དེས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཐུན་ཡོང་གི་རེ་འདུན་མཚོན་ལ། དེ་ནི་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་རྒྱུན་འཁྱོངས་བྱེད་པའི་རྩ་བའི་འགན་སྲུང་ཡིན་པས། ཏང་ཀྲུང་དབྱང་གི་དབང་ཟིལ་ལ་སྲུང་སྐྱོབ་དང་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་མགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་སྟོབས་ཤུགས་སྔར་ལས་གཅིག་སྒྲིལ་བྱས་ཏེ་གོ་སྐབས་དམ་འཛིན་དང་འགྲན་རྩོད་ལས་རྒྱལ་བར་བྱེད་པ། ཏང་ཡོངས་ཀྱིས་མཐུན་སྒྲིལ་སེམས་གཅིག་དང་ཐོག་མའི་ཕུགས་འདུན་མི་བརྗེད་པ། མུ་མཐུད་དུ་མདུན་སྐྱོད་བྱེད་པ། ཏང་དང་རྒྱལ་ཁབ་འབྱོར་ཕྱུག་དར་སྤེལ་དང་ཡུན་སྐྱོང་བདེ་འགོད་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་ལས་འགན་ཆེན་པོ་ཡིན་པས། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བ་དང་ལྷག་པར་དུ་སྲོག་ཤིང་འདུ་ཤེས་དང་དཔེ་ལྟ་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་།བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་དབང་ཟིལ་དང་ཏང་ཀྲུང་དབྱང་གི་གཅིག་གྱུར་མགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པ། ཏང་གི་འཛུགས་སྐྲུན་དམ་འཛིན་བྱེད་པ། མགོ་ཁྲིད་དེ་ཚད་གཞི་དང་སྲོལ་ཡིག་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཐོ་རིམ་ལས་བྱེད་པར་བཏོན་པའི་རེ་བ་ལྟར་དུ། རང་གཅུན་བྱེད་པ་དང་བྱ་བ་སྒྲུབ་པ། མི་བཟང་བོ་ཞིག་བྱེད་པ། འགན་ཁུར་ཕོད་པ་བཅས་བྱས་ཏེ། དྭངས་གཙང་གི་སྲིད་གྲོས་ལས་ཁུངས་དང་དྭངས་གཙང་གི་སྲིད་གྲོས་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་བཟང་བོ་བྱེད་པ་དང་། གྲུབ་འབྲས་བཟང་བོ་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བར་སྔོན་བསུ་བྱེད་དགོས་ཟེར།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།