ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་ཞིབ་བཤེར་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་བྱ་བ་བྱེད་མཁན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་ཞིབ་བཤེར་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་བྱ་བ་བྱེད་མཁན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཚེས་སོ་གཅིག་ཅིན་པེ་ཉིན་ནས་ཚོགས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིས་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་མཱ་ཁེ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་མགོ་ཁྲིད་འོག་དང་། རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་ཞིབ་བཤེར་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱི་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། བདེ་འཇགས་ཐོན་སྐྱེད་གནས་བབ་གཏན་འཇགས་དང་ལས་དོན་སྣ་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པར་མ་ཟད། དཔེ་སྟོན་རང་བཞིན་གྱི་སྔོན་ཐོན་སྐོར་ཞིག་བྱུང་ནས་དུས་སྐབས་གསར་བའི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་ཞིབ་བཤེར་དཔུང་སྡེའི་གཟི་ཉམས་གསར་བ་མངོན་པར་བྱས་ཡོད་ཟེར། ཁོས་ད་དུང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་ཞིབ་བཤེར་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཙུང་ལི་ལི་ཁི་ཆང་གཉིས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱེད་པ། སྔོན་ཐོན་དཔེ་སྟོན་གྱི་ཕུལ་བྱུང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྤུས་ཚད་མཐོ་བའི་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་ལས་བྱེད་པའི་དཔུང་སྡེ་བཟང་བོ་ཞིག་འཛུགས་པ་དང་། བདེ་འཇགས་ཐོན་སྐྱེད་ལས་དོན་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་བཏང་སྟེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་ལ་སྔར་ལས་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།