ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强同马来西亚总理纳吉布举行会谈.jpg

ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་དང་གྲོས་མོལ་མཛད། པར་འདི་ནི་ལིས་ཁི་ཆང་གིས་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་རང་རྒྱལ་ལ་དངོས་གཞིའི་འཚམས་འདྲིར་ཡོང་བར་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་པའི་ཚུལ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་མ་ལེ་ཞི་ཡས་ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་བྱས་ཤིང་དཔལ་འབྱོར་ཐད་ནས་ཕན་ཚུན་ལ་ཁེ་ཕན་བསྐྲུན་པ་དང་། མི་གཞུང་ཐད་ནས་ཕན་ཚུན་དཔྱད་གཞིར་བཟུང་བར་མ་ཟད་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ས་གནས་རང་གིས་མཐུན་སྒྲིལ་ལ་དམིགས་པ་དང་བརྟན་འཇགས་བརྩོན་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐུན་མོང་གི་རེ་འདུན་དང་མཐུན་པར་བྱས་ནས། ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆུ་ཚད་ཇེ་མཐོར་གཏོང་བར་མ་ཟད་ས་གནས་ཀྱི་མཐུན་སྒྲིལ་བརྟན་འཇགས། འཕེལ་རྒྱས་དར་རྒྱས་ཐད་ལ་སྐུལ་ཁྲིད་ཀྱི་ནུས་པ་འདོན་འདོད་ཡོད་ཟེར།

ན་ཅི་པུའུ་ཡིས་བཤད་རྒྱུར། མ་ལེ་ཞི་ཡ་དང་ཀྲུང་གོ་ནི་ཕན་ཚུན་ལ་ཡིད་ཆེས་བྱེད་ཆོག་པའི་གྲོགས་པོ་ཡིན། རྒྱལ་ཁབ་གཉིས་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀྱིས་ནུས་ལྡན་བྱེད་ཐབས་སྤྱད་དེ་ཁྱབ་ཁོངས་སོ་སོ་ནས་གྲུབ་འབྲས་བཟང་བོ་བླངས། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་དང་ལྕགས་ལམ་འཛུགས་སྐྲུན། དངུལ་ལོར། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། མ་ལེ་ཞི་ཡ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ། ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་རང་རྒྱལ་ལ་དངོས་གཞིའི་འཚམས་འདྲིར་ཡོང་བར་བསུ་བ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།