ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«ཤེས་བྱའི་རིག་ཐང་ཇེ་མཐོར་གཏོང་བ་ཁ་ཕྱོགས་ཡིན་པའི་བགོ་བཤའི་སྲིད་ཇུས་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར་འགའ»ཞེས་པ་དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་སྔོན«ཤེས་བྱའི་རིན་ཐང་ཇེ་མཐོར་གཏོང་བ་ཁ་ཕྱོགས་ཡིན་པའི་བགོ་བཤའི་སྲིད་ཇུས་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར་འགའ»ཞེས་པ་དཔར་ནས་བཀྲམ། བསམ་འཆར་ནས་བསྟན་དོན། ཤེས་བྱའི་རིན་ཐང་ཇེ་མཐོར་གཏོང་བ་མཚོན་པའི་ཡོང་སྒོ་བགོ་བཤའ་རྐྱེན་སྲོལ་ཆགས་པར་སྐུལ་འདེད་བཏང་ནས། ཚན་རིག་ཞིབ་འཇུག་ལས་ཁུངས་དང་མཐོ་རིམ་སློབ་གྲྭའི་ཡོང་སྒོ་བགོ་བཤའི་རང་འགུལ་དབང་ཆ་རྒྱ་བསྐྱེད་པ་དང་། ཚན་རིག་ཞིབ་འཇུག་ལས་གཞིའི་མ་དངུལ་གྱི་སྐུལ་སློང་ཁྲིད་སྟོན་ནུས་པ་སྔར་ལས་འདོན་སྤེལ་བྱེད་པ། ཚན་རྩལ་གྲུབ་འབྲས་ཐོན་དབང་གིས་ཚན་རིག་ཞིབ་འཇུག་མི་སྣར་ཡུན་རིང་པོར་སྐུལ་མ་གཏོང་བར་ཤུགས་སྣོན་པ་བཅས་བྱས་ཏེ། ཚན་རིག་ཞིབ་འཇུག་མི་སྣ་དང་དགེ་རྒན་ལ་ཁྲིམས་སྲོལ་དང་སྒྲིག་སྲོལ་ལྟར་ཞོར་དུ་ལས་གནས་གཞན་པ་ཁུར་བ་དང་ཟླ་ཕོགས་གཞན་པ་ལེན་དུ་འཇུག་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།