ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་སྟོན་དུས་སློབ་སྐབས་ཀྱི་ཁག་གཉིས་པའི་སློབ་མའི་སློབ་མགོ་རྩོམ་པའི་མཛད་སྒོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

中共中央党校举行秋季学期第二批入学学员开学典礼1.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་པེ་ཅིན་ནས་2016ལོའི་སྟོན་དུས་སློབ་སྐབས་ཀྱི་ཁག་གཉིས་པའི་སློབ་མའི་སློབ་མགོ་རྩོམ་པའི་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་སློབ་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

中共中央党校举行秋季学期第二批入学学员开学典礼2.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་པེ་ཅིན་ནས་2016ལོའི་སྟོན་དུས་སློབ་སྐབས་ཀྱི་ཁག་གཉིས་པའི་སློབ་མའི་སློབ་མགོ་རྩོམ་པའི་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་སློབ་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཚེས་བཅུ་བཞི་ཉིན་པེ་ཅིན་ནས་2016ལོའི་སྟོན་དུས་སློབ་སྐབས་ཀྱི་ཁག་གཉིས་པའི་སློབ་མའི་སློབ་མགོ་རྩོམ་པའི་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་སློབ་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད་སྟེང་ནས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བཀོད་སྒྲིག་དེ་དོན་དངོས་ཀྱི་བྱ་སྤྱོད་དུ་སྒྱུར་དགོས་ཞེས་ནན་གྱིས་བསྟན།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། གཟབ་ནན་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མངོན་གསལ་གྱི་ཁྱད་ཆོས་ཡིན་པས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་ཏང་འཛུགས་སྐྲུན་གྱི་ཕྱོགས་སོ་སོའི་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ལ། ཏང་རྩ་འཛུགས་རེ་དང་ཏང་ཡོན་རེའི་སྟེང་དངོས་འབེབ་བྱེད་དགོས་པར་མ་ཟད། ཏང་ནང་གི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པའི་གྲུབ་འབྲས་དངོས་ཀྱི་སྟེང་དངོས་འབེབ་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས་ན། ཕྱོགས་སོ་སོས་སྟོབས་ཤུགས་ཕུལ་ཏེ། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི་ཚད་གཞི་དང་སྲོལ་ཡིག་ལག་བསྟར་བཟང་བོ་བྱེ་དགོས་ལ། བསམ་བློའི་སློབ་གསོ་བྱ་བ་གཙིགས་འཛིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་ནས། ཕུགས་བསམ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཏང་ནང་གི་ཆབ་སྲིད་རིག་གནས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས་ལ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་མོ་བྱས་ཏེ། འདུ་ཤེས་བཞི་དང་ཁྱད་པར་དུ་སྲོག་ཤིང་འདུ་ཤེས་དང་དཔེ་ལྟའི་འདུ་ཤེས་ཇེ་ཆེར་བཏང་ནས། ཏང་ཀྲུང་དབྱང་གི་དབང་ཟིལ་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་ནན་གྱིས་གསུངས་རྒྱུར། སྲོག་ཤིང་འདུ་ཤེས་ཇེ་ཆེར་གཏོང་བའི་ཐད་མིག་དཔེ་སྟོན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པར་ངོས་འཛིན་ཟབ་མོ་བྱེད་རྒྱུ་ནི་ལག་ལེན་དང་ལོ་རྒྱུས་ཀྱི་གདམ་གསེས་ཡིན་ལ། ཏང་ཡོངས་དང་མི་དམངས་ཀྱི་གདམ་གསེས་ཀྱང་ཡིན་པས། སྲོག་ཤིང་ལ་སྲུང་སྐྱོབ་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་ལ་རག་ལས་ཡོད་ལ། སྲོག་ཤིང་འདུ་ཤེས་ཇེ་ཆེར་གཏོང་བ་ནི་སྲོག་ཤིང་ལ་སྲུང་སྐྱོབ་བྱས་ནས་དེ་བསམ་བློའི་གོ་རྟོགས་དང་ཏང་གཤིས་འདུ་ཤེས། སྒྲིག་ཁྲིམས་རེ་བ། དོན་དངོས་བྱ་སྤྱོད་བཅས་སུ་འགྱུར་བར་བྱེད་དགོས་ཟེར། 
ཀྲའོ་ལི་ཅི་དང་ཀྲའོ་ཧུང་ཀྲུའུ་གཉིས་སློབ་མགོ་རྩོམ་པའི་མཛད་སྒོར་ཞུགས། 
 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།