ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཕེ་རུའི་ཚོང་ལས་ཚགས་པར་སྟེང་ཁ་ཡིག་ལ་ལོ་བརྒྱའི་འཕེལ་རྒྱས་ཕུགས་འདུན་མངོན་འགྱུར་བྱེད་པ་དང་མཉམ་ལས་ཀྱི་ལོ་རྒྱུས་གསར་བ་གསར་སྐྲུན་བྱེད་དགོས་ཞེས་པའི་མིང་བཀོད་རྩོམ་ཡིག་ཅིག་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཕེ་རུའི་ཚོང་ལས་ཚགས་པར་སྟེང་ཁ་ཡིག་ལ་ལོ་བརྒྱའི་འཕེལ་རྒྱས་ཕུགས་འདུན་མངོན་འགྱུར་བྱེད་པ་དང་མཉམ་ལས་ཀྱི་ལོ་རྒྱུས་གསར་བ་གསར་སྐྲུན་བྱེད་དགོས་ཞེས་པའི་མིང་བཀོད་རྩོམ་ཡིག་ཅིག་སྤེལ།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཕེ་རུའི་བར་དུ་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔའི་རིང་ལ། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ་རྒྱུ་འཁྱོངས་བྱས། མིག་སྔར། རྒྱལ་ཁབ་གཉིས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་དེ་ནི་ཀྲུང་གོ་དང་ལ་ཏེན་མེ་གླིང་རྒྱལ་ཁབ་བར་གྱི་འབྲེལ་བར་ཆེས་མཐོ་བའི་ཆུ་ཚད་གཏན་འཁེལ་བྱས་པ་ཡིན་ལ། ཕྱོགས་གཉིས་ཀྱི་ཆུ་ཚད་མཐོ་བའི་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་སོང་བ་མཚོན་ཡོད། ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་ཀྱིས་དངོས་གཉེར་མཉམ་ལས་བཟང་བོ་བྱེད་པ་དང་མི་གཞུང་བརྗེ་རེས་རྒྱ་བསྐྱེད་དགོས་ལ། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། དེང་སྐབས་ཀྲུང་གོ་མི་དམངས་ཀྱིས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད། ང་ཚོས་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ་མདུན་སྐྱོད་བགྲོད་ལམ་སྟེང་དུ་མཉམ་དུ་མདུན་སྐྱོད་བྱེད་དགོས་པ་དང་། ང་ཚོས་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་ནས་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བ་མངོན་འགྱུར་བྱེད་དགོས་ལ། ང་ཚོས་རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་མཐུན་སྦྱོར་བཟང་བོ་བྱས་ཏེ་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། ང་ཚོས་ལག་གདང་སྦྲེལ་ཏེ་མདུན་སྐྱོད་བྱེད་པ་དང་མཉམ་ལས་དམ་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་རེ་སྙེག་བྱེད་པའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཟེར།  ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།