ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་དང་ཨེ་ཁཱ་ཏོར་རྒྱལ་ཁབ་ཀྱི་ཙུང་ཐུང་ཁི་ལོས་ཡ་རྣམ་གཉིས་མཉམ་དུ་ཀྲུང་གོ་ཕྱོགས་ཀྱིས་རོགས་འཛུགས་བྱས་པའི་ཨེ་ཁཱ་ཏོར་སྤྱི་ཐུན་བདེ་འཇགས་འཕྲལ་སྒྲུབ་བཀོད་འདོམས་ལྟེ་གནས་ཀྱི་མཉམ་འབྲེལ་ཚོད་ལྟ་ཁང་གི་སྒོ་བྱང་སྟེང་གི་ཡོལ་རས་ལེན་པའི་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཨེ་ཁཱ་ཏོར་རྒྱལ་ཁབ་ཀྱི་ཙུང་ཐུང་ཁི་ལོས་ཡ་རྣམ་གཉིས་མཉམ་དུ་ཀྲུང་གོ་ཕྱོགས་ཀྱིས་རོགས་འཛུགས་བྱས་པའི་ཨེ་ཁཱ་ཏོར་སྤྱི་ཐུན་བདེ་འཇགས་འཕྲལ་སྒྲུབ་བཀོད་འདོམས་ལྟེ་གནས་ཀྱི་མཉམ་འབྲེལ་ཚོད་ལྟ་ཁང་གི་སྒོ་བྱང་སྟེང་གི་ཡོལ་རས་ལེན་པའི་མཛད་སྒོར་ཞུགས།

ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཨེ་ཁཱ་ཏོར་རྒྱལ་ཁབ་ཀྱི་ཙུང་ཐུང་ཁི་ལོས་ཡ་རྣམ་གཉིས་མཉམ་དུ་ཀྲུང་གོ་ཕྱོགས་ཀྱིས་རོགས་འཛུགས་བྱས་པའི་ཨེ་ཁཱ་ཏོར་སྤྱི་ཐུན་བདེ་འཇགས་འཕྲལ་སྒྲུབ་བཀོད་འདོམས་ལྟེ་གནས་ཀྱི་མཉམ་འབྲེལ་ཚོད་ལྟ་ཁང་གི་སྒོ་བྱང་སྟེང་གི་ཡོལ་རས་ལེན་པའི་མཛད་སྒོར་ཞུགས།

ཞི་ཕེན་ཕེན་སྤྱི་ཐུན་བདེ་འཇགས་འཕྲལ་སྒྲུབ་བཀོད་འདོམས་ལྟེ་གནས་སུ་ཕེབས་སྐབས། ཁི་ལོས་ཡ་ཡིས་བསུ་བ་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་མཉམ་དུ་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁཱ་ཏོར་གྱི་ས་འགུལ་གནོད་སེལ་རྒུད་སྐྱོབ་བྱ་བར་རོགས་སྐྱོར་བྱས་པའི་པར་རིས་འགྲེམ་སྟོན་ལ་གཟིགས་པར་མ་ཟད། ཨེ་ཁཱ་ཏོར་སྤྱི་ཐུན་བདེ་འཇགས་འཕྲལ་སྒྲུབ་ལྟེ་གནས་ཀྱི་མཉམ་འབྲེལ་ཚོད་ལྟ་ཁང་གི་སྒོ་བྱང་སྟེང་གི་ཡོལ་རས་བླངས།

ཞི་ཅིན་ཕེན་གྱིས་ཤིས་ཚིག་འབུལ་སྐབས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཕྱོགས་གཉིས་ཀྱི་མཛའ་མཐུན་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་སོང་བར་མ་ཟད་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་རིམ་འཕར་བྱུང་། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ལ་ཤུགས་བསྣན་ན་ཕྱོགས་གཉིས་ཀར་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་བསྐྱེད་པར་ཡིད་ཆེས་བརྟན་པོ་ཡོད་པར་ཕན་པ་ཡོད་པ་དང་། ཕན་ཚུན་གྱི་འཕེལ་རྒྱས་གོ་སྐབས་ལ་ཤེས་རྟོགས་གསལ་བོ་བྱུང་ངེས། དེང་སྐབས་ཀྲུང་གོ་དང་ཨེ་ཁཱ་ཏོར་རྒྱལ་ཁབ་གཉིས་ཀྱིས་གཉིས་ཕན་མཉམ་རྒྱལ་གཏིང་ཟབ་ཏུ་སྤེལ་བའི་གོ་སྐབས་དང་འཕྲད་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁཱ་ཏོར་དང་མཉམ་དུ་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་མྱུར་དུ་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་འདོད་ཡོད་ཟེར།

ཁི་ལོས་ཡ་ཡིས་བཤད་རྒྱུར། དེ་རིང་ནི་ལོ་རྒྱུས་རང་བཞིན་གྱི་ཉིན་མོ་ཞིག་ཡིན། དེ་རིང་ཀྲུའུ་ཞི་ཞི་ཅིན་ཕེན་དང་མཉམ་དུ་ཨེ་ཁཱ་ཏོར་ལོ་རྒྱུས་སྟེང་གི་ཆེས་ཆེ་བའི་བཟོ་སྐྲུན་ལས་གཞི་ལ་བདེན་དཔང་བྱས་པ་དང་། ཨེ་ཁཱ་ཏོར་དང་ཀྲུང་གོས་མཉམ་ལས་བྱས་པའི་གྲུབ་འབྲས་ལ་བདེན་དཔང་བྱས་པར་ང་རང་དགའ་སྤྲོ་སྐྱེས་པ་ཡིན། ང་ཚོ་ཕྱོགས་གཉིས་ཀྱིས་མཉམ་ལས་དང་རོགས་རམ་བྱས་ཏེ་ཨེ་ཁཱ་ཏོར་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་ཆས་ཆུ་ཚད་ཇེ་མཐོར་བཏང་བ་དང་། དག་གཙང་ནུས་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་མ་ཟད་སྤྱི་ཐུན་བདེ་འཇགས་ཞབས་ཕྱི་ལེགས་བཅོས་བྱས། ཨེ་ཁཱ་ཏོར་ཕྱོགས་ཀྱིས་ཀྲུང་གོས་ཨེ་ཁཱ་ཏོར་གྱི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།   །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།