ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་སྒུག་པ་ཀུའུ་ཐི་ལོས་སི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

7c7e53d85c0036bc6ddcf589355718ce.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་བརྒྱད་ཉིན་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་སྒུག་པ་ཀུའུ་ཐི་ལོས་སི་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་བརྒྱད་ཉིན་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་སྒུག་པ་ཀུའུ་ཐི་ལོས་སི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཐོག་མར་ཀུའུ་ཐི་ལོས་སི་སྐབས་རྗེས་མའི་དྲུང་ཡིག་ཆེན་མོ་ལ་བདམས་པར་རྟེན་འབྲེལ་ཞུས། ཁོང་གིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གོ་གནས་སྔར་གསོ་བྱས་ནས་ལོ་འཁོར་ཞེ་ལྔ་ལོན་པའི་ལོ་ཡིན། ལོ་ཞེ་ལྔའི་རིང་ལ། ཕྱོགས་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པས་འགྲོ་འོང་དང་འབྲེལ་འདྲིས་ཇེ་མང་དུ་བཏང་ཞིང་འཐབ་ཇུས་འབྲེལ་འདྲིས་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཤུགས་བསྣན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་ལས་བྱས་ནས་གྲུབ་འབྲས་བཟང་བོ་བླངས། ཀྲུང་གོ་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཁྲོད་དུ་ཞུགས་པ་དང་དེར་རྒྱབ་སྐྱོར་བྱེད་པར་མ་ཟད་མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་ཀྱི་དམིགས་འབེན་དང་རྩ་དོན་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་བྱེད་མཁན་ཡིན། ཀྲུང་གོ་ཕྱོགས་ཀྱིས་མཐོ་རིམ་མགོ་ཁྲིད་པའི་ནུས་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མཐོ་རིམ་མགོ་ཁྲིད་པའི་བར་གྱི་བརྗེ་རེས་དང་འབྲེལ་འདྲིས་ལ་བརྟེན་ནས་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉམ་ལས་སྔར་ལས་རྒྱ་ཆེར་འགྲོ་བར་སྐུལ་ཁྲིད་བྱེད་པ་དང་། བདག་གིས་ཉིས་སྟོང་བཅོ་ལྔ་ལོར་ཁྱབ་སྒྲོག་བྱས་པའི་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་སྣ་ཚོགས་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ད་ལྟའི་འཛམ་གླིང་ཡོངས་སུ་ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་དང་ཕྱོགས་མང་རིང་ལུགས་ཐད་ནུས་པ་འདོན་མཁན་གཙོ་བོ་རུ་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕེན་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་བདུན་ཅུ་ལོན་པའི་མཐོ་རིམ་གྲོས་ཚོགས་རབ་དང་རིམ་པར་ཞུགས་པའི་སྐབས་སུ་ཀྲུང་གོས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པར་མ་ཟད་བློ་ཐག་རྦད་ཆོད་སྒོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ་དེས་ཀུན་ལ་སྐུལ་མ་ཆེན་པོ་ཐེབས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་དང་མཉམ་ལས་དམ་པོ་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་སྲུང་སྐྱོབ་བྱེད་པར་བརྩོན་ལེན་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།