ཞི་ཅིན་ཕེན་གྱིས་ལྔ་བཞིའི་རྩ་ཁྲིམས་ཀྱི་ལོ་རྒྱུས་དཔྱད་ཡིག་བཤམས་སྟོན་ཁང་ལ་མཛུབ་སྟོན་གལ་ཆེན་གནང་ནས་རྩ་ཁྲིམས་ཀྱི་ཤེས་བྱ་ཁྱབ་བརྡལ་དུ་གཏོང་བ་དང་རྩ་ཁྲིམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ན་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་དང་རྩ་ཁྲིམས་ལག་བསྟར་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་ག

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་གསུམ་པ་ཐོན་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མཛུབ་སྟོན་གལ་ཆེན་གནང་ནས། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་ཁྲིམས་ཡིན་པར་མ་ཟད། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ལུགས་དང་ཏང་དང་མི་དམངས་ཀྱི་གཅིག་བསྡུས་འདོད་བློ་མཚོན་བྱེད་རེད། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་ན་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་དགོས་ལ། ཁྲིམས་ལྟར་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་ན་ཐོག་མར་རྩ་ཁྲིམས་ལྟར་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་སྣེ་ཁྲིད་ནས་ལྔ་བཞིའི་རྩ་ཁྲིམས་གཏན་འཁེལ་བྱས་པ་དང་ལྔ་བཞིའི་རྩ་ཁྲིམས་ཀྱི་ལོ་རྒྱུས་དཔྱད་ཡིག་བཤམས་སྟོན་ཁང་བཙུགས་པ་དེ། རྩ་ཁྲིམས་ཀྱི་དྲིལ་སྒྲོག་སློབ་གསོ་སྤེལ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ཁྲིམས་བརྩི་བ་དང་ཁྲིམས་སློབ་པ། ཁྲིམས་བཀོལ་བ་བཅས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། རྩ་ཁྲིམས་དྲིལ་སྒྲོག་སློབ་གསོ་སྤེལ་རྒྱུ་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འོས་འགན་གལ་ཆེན་ཡིན། ལྔ་བཞིའི་རྩ་ཁྲིམས་ཀྱི་ལོ་རྒྱུས་དཔྱད་ཡིག་བཤམས་སྟོན་ཁང་གིས་ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཅིག་གྱུར་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། རྩ་ཁྲིམས་ཤེས་བྱ་ཁྱབ་བརྡལ་དུ་གཏོང་བ་དང་རྩ་ཁྲིམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་བྱེད་པ། རྩ་ཁྲིམས་ལག་བསྟར་བྱེད་པར་ཡར་སྐུལ་གཏོང་བ་བཅས་ཀྱི་ཐད་ལ་བྱས་རྗེས་འཇོག་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།