ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་ཧ་སག་སི་ཐན་གྲོས་ཁང་གོང་མའི་གྲོས་དཔོན་ཐོ་ཁ་ཡེ་ཧྥུའུ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

张德江与哈萨克斯坦议会上院议长托卡耶夫举行会谈.jpg

ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧ་སག་སི་ཐན་གྲོས་ཁང་གོང་མའི་གྲོས་དཔོན་ཐོ་ཁ་ཡེ་ཧྥུའུ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་འབྲེལ་འདྲིས་དམ་པོ་བྱས་པ་དེ་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་ཧ་སག་སི་ཐན་གྲོས་ཁང་གཉིས་ཀྱིས་བརྗེ་རེས་ལ་ཤུགས་སྣོན་པ་དང་མཉམ་ལས་དམ་པོ་བྱེད་དགོས། གཅིག ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཀྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་དགོས། གཉིས། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དགོས། གསུམ། རྒྱལ་ཁབ་གཉིས་ཀྱི་མི་གཞུང་བརྗེ་རེས་སྔར་ལས་ཇེ་མང་དུ་གཏོང་དགོས་ཟེར།

ཐོ་ཁ་ཡེ་ཧྥུའུ་ཡིས་བཤད་རྒྱུར། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། ཕྱོགས་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར། མི་གཞུང་། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། ཧ་སག་སི་ཐན་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། ཧ་སག་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀ་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།