ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་མར་ཏེ་ཧྥུའུ་ཡི་གྲོས་དཔོན་མཱ་སི་ཧི་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

68.jpg

ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མར་ཏེ་ཧྥུའུ་ཡི་གྲོས་དཔོན་མཱ་སི་ཧི་དང་གྲོས་མོལ་མཛད།

69.jpg

ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མར་ཏེ་ཧྥུའུ་ཡི་གྲོས་དཔོན་མཱ་སི་ཧི་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བདུན་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མར་ཏེ་ཧྥུའུ་ཡི་གྲོས་དཔོན་མཱ་སི་ཧི་དང་གྲོས་མོལ་མཛད།   ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་མར་ཏེ་ཧྥུའུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱིས་དུས་དང་རྣམ་པ་ཀུན་དུ་ཕན་ཚུན་བར་བརྩི་འཇོག་དང་ཕན་ཚུན་བར་ཡིད་ཆེས། ཕན་ཚུན་བར་རྒྱབ་སྐྱོར། གཉིས་ཕན་མཉམ་ལས་བཅས་བྱེད་ཀྱིན་ཡོད། 2014ལོར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མར་ཏེ་ཧྥུའུ་ལ་ཕན་འབྲས་ལྡན་པའི་ངང་འཚམས་འདྲི་མཛད་དེ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་བར་ཀྲུང་གོ་དང་མར་ཏེ་ཧྥུའུ་རྒྱལ་ཁབ་གཉིས་ཀྱི་མ་འོངས་པར་ཁ་ཕྱོགས་པའི་ཁྱོན་ཡོངས་ཀྱི་མཛའ་མཐུན་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བྱེད་རྒྱུར་གཅིག་གྱུར་སྒོས་འཐད་པ་བྱུང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་དམིགས་འབེན་གཏན་ལ་ཕབ། ཀྲུང་གོ་ཕྱོགས་ཀྱིས་མར་ཏེ་ཧྥུའུ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱས་ཏེ། ཀྲུང་གོ་དང་མར་ཏེ་ཧྥུའུ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཀྲུང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་མར་ཏེ་ཧྥུའུ་མི་དམངས་གྲོས་ཁང་བར་གྱི་མཛའ་མཐུན་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱི་ལས་འགན་གཙོ་བོ་ནི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ནས། དེ་མཉམ་ལས་ཀྱི་གྲུབ་འབྲས་སུ་སྒྱུར་བར་འབད་བརྩོན་བྱེད་པ་དང་། ཀྲུང་གོ་དང་མར་ཏེ་ཧྥུའུ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་སྟོབས་ཤུགས་གསར་བ་སྣོན་དགོས་ཟེར།

མཱ་སི་ཧི་ཡིས་བཤད་རྒྱུར། མར་ཏེ་ཧྥུའུ་དང་ཀྲུང་གོ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་དེས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་རྒྱལ་ཁབ་ཆེ་ཆུང་བར་འཆམ་མཐུན་མཉམ་གནས་བྱེད་པའི་མིག་དཔེ་བཟང་བོ་བསྟན་ཡོད། མར་ཏེ་ཧྥུའུ་མི་དམངས་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་མཛའ་མཐུན་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཧུར་ཐག་སྒོས་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།