ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平在全国高校思想政治工作会议上发表重要讲话.jpg

ཟླ་བཅུ་གཉིས་པའི་ཚེས་བདུན་དང་ཚེས་བརྒྱད་ཉིན་གཉིས་ལ། རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཉིས་པའི་ཚེས་བདུན་དང་ཚེས་བརྒྱད་ཉིན་གཉིས་ལ། རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་སྤྱི་བསྡོམས་གསུང་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཝང་ཆི་ཧྲན་དང་ཀྲང་ཀའོ་ལིས་གཉིས་ཀ་གྲོས་ཚོགས་ལ་ཞུགས།

ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་བསྟན་དོན། སློབ་གསོ་གོང་འཕེལ་དུ་སོང་ན་རྒྱལ་ཁབ་སྟོབས་ལྡན་དུ་འགྲོ་སྲིད། མཐོ་རིམ་སློབ་གསོའི་འཕེལ་རྒྱས་ཆུ་ཚད་ནི་རྒྱལ་ཁབ་ཅིག་གི་འཕེལ་རྒྱས་ཆུ་ཚད་དང་འཕེལ་རྒྱས་སྦས་ཤུགས་ཀྱི་མཚོན་བྱེད་གལ་ཆེན་ཞིག་ཡིན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ན་སློབ་གསོའི་གོ་གནས་དང་ནུས་པར་མཐོང་ཆུང་བྱེད་མི་རུང་། ཏང་ཀྲུང་དབྱང་གིས་འཛམ་གླིང་སྟེང་དུ་མིང་གྲགས་ཆེ་བའི་སློབ་ཆེན་དང་ཚད་ལྡན་ཡིན་པའི་སློབ་ཚན་མྱུར་དུ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་གཏན་ལ་ཕབ་པ་ནི་རང་རྒྱལ་གྱི་མཐོ་རིམ་སློབ་གསོའི་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་གཏོང་བ་དང་རྒྱལ་ཁབ་ཀྱི་སྲོག་ཤིང་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་རྒྱུ་དེ་ཡིན་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། རང་རྒྱལ་ལ་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་ཐུན་མོང་མ་ཡིན་པའི་རིག་གནས། ཐུན་མོང་མ་ཡིན་པའི་རྒྱལ་ཁབ་ཀྱི་གནས་ཚུལ་ལྡན་པས། རང་རྒྱལ་ངེས་པར་དུ་རང་ཉིད་ཀྱི་མཐོ་རིམ་སློབ་གསོའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མཐོ་རིམ་སློབ་གྲྭ་བཟང་བོར་བསྒྲུབ་དགོས། རང་རྒྱལ་གྱི་མཐོ་རིམ་སློབ་གསོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དེ་རང་རྒྱལ་འཕེལ་རྒྱས་ཀྱི་དངོས་ཡོད་དམིགས་འབེན་དང་མ་འོངས་པའི་ཁ་ཕྱོགས་དང་འབྲེལ་འདྲིས་དམ་པོ་བྱས་ཏེ། མི་དམངས་ལ་ཞབས་ཕྱི་བསྒྲུབ་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྐྱོང་སྲིད་འཛིན་ལ་ཞབས་ཕྱི་བསྒྲུབ་དགོས་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་དང་འཕེལ་རྒྱས་སུ་འགྲོ་བར་ཞབས་ཕྱི་བསྒྲུབ་པ་དང་། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་ཕྱི་བསྒྲུབ་དགོས་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། བསམ་བློ་ཆབ་སྲིད་བྱ་བ་ནི་མདོར་བསྡུས་ན་མི་བཟང་བོ་ཞིག་བྱེད་པའི་བྱ་བ་ཡིན་པས། ངེས་པར་དུ་སློབ་མར་དམིགས་ཤིང་སློབ་མར་སེམས་ཁུར་བྱེད་པ་དང་སློབ་མར་ཞབས་ཕྱི་བསྒྲུབ་ནས་མུ་མཐུད་དུ་སློབ་མའི་བསམ་བློའི་ཆུ་ཚད་དང་ཆབ་སྲིད་གོ་རྟོགས། ཀུན་སྤྱོད་དང་རིག་གནས་བྱང་ཚད་བཅས་ཇེ་མཐོར་གཏོང་བ་དང་། སློབ་མ་རྣམས་སྤྱོད་ཡོན་གཉིས་ལྡན་དང་ཁྱོན་ཡོངས་འཕེལ་རྒྱས་སུ་འགྲོ་བའི་ཤེས་ལྡན་མི་སྣ་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། མཐོ་རིམ་སློབ་གྲྭའི་ཏང་ཨུ་ཡིས་སློབ་གྲྭའི་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་པར་ལག་བསྟར་བྱེད་པ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་སློབ་སྒྲུབ་སློབ་སྐྱོང་གི་གཙོ་གཞིའི་འགན་འཁྲི་དང་ལེན་བྱས་ནས། ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་པ་དང་ཁྱོན་ཡོངས་ལ་དོ་དམ་བྱེད་པ། ཐབས་ཇུས་འདོན་པ་དང་དངོས་འབེབས་བྱ་བ་ཁག་ཐེག་བྱེད་དགོས། མཐོ་རིམ་སློབ་གྲྭའི་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་བྱེད་པ་དང་། བྱ་བའི་རྣམ་པ་ལེགས་སྒྱུར་བྱས་ནས་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་བསམ་བློ་ཆབ་སྲིད་བྱ་བ་བཟང་བོར་བསྒྲུབ་པའི་ནུས་པ་ཇེ་ཆེར་གཏོང་དགོས། མཐོ་རིམ་སློབ་གྲྭའི་དགེ་རྒན་དང་སློབ་མའི་ཁྲོད་དུ་ཏང་ཡོན་སྐྱེད་སྲིང་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་ཏང་ཡོན་དཔུང་སྡེ་ཡི་སློབ་གསོའི་དོ་དམ་ལ་ཤུགས་བསྣན་ནས། དགེ་སློབ་ཏང་ཡོན་རེ་རེས་ཡིས་ཏང་ལ་དགའ་བ་དང་ཏང་གི་གསུང་ལ་ཉན་པ། ཏང་ལ་བྱ་བ་བསྒྲུབ་པ་བཅས་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་ལས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་མཐོ་རིམ་སློབ་གསོའི་ལས་དོན་གོང་འཕེལ་དུ་འགྲོ་བ་དང་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བར་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་ཞིབ་མོ་བཏབ་ཡོད་པ་དང་། དེ་ལ་ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། དམིགས་ཡུལ་རང་བཞིན་བཅས་ལྡན་ལ། གནས་བབ་གསར་བའི་འོག་གི་མཐོ་རིམ་སློབ་གྲྭའི་ཆབ་སྲིད་བསམ་བློ་བྱ་བ་བཟང་བོར་བསྒྲུབ་པར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སློབ་ཆེན་བཟང་བོར་བསྒྲུབ་པ་དང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། སློབ་སྦྱོང་བཟང་བོ་བྱེད་པ་དང་གོ་བ་ཟབ་མོ་བླངས་ཏེ། རང་རྟོགས་སྒོས་གསུང་བཤད་ཀྱི་དགོངས་དོན་ལྟར་བྱ་བ་བསྒྲུབ་པ་དང་། མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བ་དང་ཏང་གི་འཛུགས་སྐྲུན་བྱ་བ་སྟོབས་ལྡན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ཏུ་པེ་ཅིན་གྲོང་ཁྱེར་དང་ཀྲེ་ཅང་ཞིང་ཆེན། ཧྲན་ཞི་ཞིང་ཆེན། ཆིན་ཧྭ་སློབ་ཆེན། ཧ་ཨར་པེན་བཟོ་ལས་སློབ་ཆེན། ཧྲང་ཧེ་སློབ་ཆེན། ཧྭ་ནན་དགེ་ཐོན་སློབ་ཆེན། སི་ཁྲོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་བཅས་ཀྱི་འགན་འཁུར་བས་སྔ་གཞུག་ཏུག་གཏམ་བཤད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཁ་ཤས་གྲོས་ཚོགས་ལ་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།