ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་རང་རྒྱལ་ལོ་རྒྱུས་སྟེང་གི་ཁྲིམས་སྐྱོང་དང་ཀུན་སྤྱོད་བཅོས་སྐྱོང་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་སོ་བདུན་པ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན་གྱི་ཕྱི་དྲོར་རང་རྒྱལ་ལོ་རྒྱུས་སྟེང་གི་ཁྲིམས་སྐྱོང་དང་ཀུན་སྤྱོད་བཅོས་སྐྱོང་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་སོ་བདུན་པ་སྤེལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་བཅའ་ཁྲིམས་ནི་ཚད་གཞི་ཡིན་ལ། དུས་ནམ་ཡང་དེར་བརྩི་སྲུང་བྱེད་དགོས་པ་དང་། ཀུན་སྤྱོད་ནི་རྨང་གཞི་ཡིན་ལ། དུས་ནམ་ཡང་དེར་མཐོང་ཆུང་བྱེད་མི་རུང་། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག ང་ཚོས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གཞི་རྩའི་བྱེད་ཕྱོགས་དང་ཁྲིམས་ལྟར་སྲིད་འཛིན་པའི་གཞི་རྩའི་བྱེད་ཐབས་ལག་ལེན་མཐར་ཕྱིན་ནན་མོ་བྱེད་དགོས་པ་དང་། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བཟང་བོ་བྱེད་དགོས་ན། ངེས་པར་དུ་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། ཁྲིམས་སྐྱོང་དང་ཀུན་སྤྱོད་བཅོས་སྐྱོང་བྱེད་པ་དེ་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་ཁྲོད་ཕན་ཚུན་ལ་ཁ་གསབ་བྱེད་པ་དང་། ཕན་ཚུན་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གོ་ཆབ་སྲིད་ཁྲིམས་ལུགས་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་ལོ་རྒྱུས་རིག་པའི་ཞིབ་འཇུག་ཁང་གི་ཡོན་ཀྲང་དགེ་རྒན་ཆེན་མོ་ཀྲུའུ་ཡུང་གིས་གནད་དོན་དེའི་ཐད་ལ་འགྲེལ་བཤད་བྱས་པར་མ་ཟད། བསམ་འཆར་དང་གྲོས་གཞི་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམ་པས་འགྲེལ་བཤད་ལ་ཞིབ་ཏུ་ཉན་པར་མ་ཟད། འབྲེལ་ཡོད་གནད་དོན་ཐད་ལ་གྲོས་བསྡུར་བྱས།

ཞི་ཅིན་ཕེན་གྱིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་གསུང་བཤད་གནང་། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། ང་ཚོས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ཀྱི་ཕན་འབྲས་ལྡན་པའི་ཉམས་མྱོང་དང་བསླབ་བྱ་ཟབ་མོར་སྤྱི་བསྡོམས་ནན་མོ་བྱས་ནས། ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་དེ་ཏང་གིས་མི་དམངས་མགོ་ཁྲིད་བྱས་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གཞི་རྩའི་བྱེད་ཕྱོགས་སུ་གཏན་འཁེལ་བྱས་པ་དང་། ཁྲིམས་ལྟར་སྲིད་འཛིན་པ་དེ་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་གཞི་རྩའི་བྱེད་ཐབས་སུ་གཏན་འཁེལ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་ཞིག་གསར་གཏོད་བྱས། བགྲོད་ལམ་དེའི་ཁྱད་ཆོས་གཙོ་བོ་ནི་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་གཉིས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་དང་ཀུན་སྤྱོད་བཅོས་སྐྱོང་གཉིས་མཉམ་དུ་གཙིགས་འཛིན་བྱེད་རྒྱུ་དེ་རེད། དེ་ནི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་སྤྱི་བསྡོམས་བྱས་པ་ཡིན་ལ། རྒྱལ་སྐྱོང་སྲིད་འཛིན་གྱི་ཆོས་ཉིད་ལ་ཚོད་འཛིན་ནན་མོ་བྱས་པའང་ཡིན་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཀུན་སྤྱོད་རང་རྟོགས་མཐོར་འདེགས་སུ་གཏོང་དགོས། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་བར་ཤུགས་བསྣན་ཏེ། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཁྲིད་སྟོན་བྱེད་པ་དང་། ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་བསམ་བློའི་ཀུན་སྤྱོད་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། དམངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་དང་དམངས་ཡོངས་ཀྱིས་ཁྲིམས་བརྩི་སྲུང་བྱེད་པ་དེ་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་རྨང་གཞིའི་རང་བཞིན་གྱི་བྱ་བར་བརྩི་བ་དང་། སྤྱི་པའི་ཀུན་སྤྱོད་འཛུགས་སྐྲུན་བྱ་བ་བཟང་བོར་སྒྲུབ་པ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་འཛུགས་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རང་རྟོགས་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱོད་ཚུལ་བཟང་བོ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀུན་སྤྱོད་ཀྱི་དཔེ་སྟོན་མཁན་དང་དར་སྲོལ་བཟང་བོའི་སྲུང་སྐྱོབ་མཁན་བརྩོན་ལེན་བྱེད་པར་ཁྲིད་སྟོན་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། མགོ་ཁྲིད་ལས་བྱེད་པའི་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་ཁྲོད་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་བྱེད་དགོས། མགོ་ཁྲིད་ལས་བྱེད་པས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་རྩ་འཛུགས་མཁན་དང་སྐུལ་འདེད་མཁན་གཙོ་བོ་བྱེད་དགོས་ལ། ཀུན་སྤྱོད་འཛུགས་སྐྲུན་གྱི་དར་སྤེལ་མཁན་དང་དཔེ་སྟོན་མཁན་ཡང་བྱེད་དགོས། མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་ཁྲིམས་སློབ་པ་དང་ཁྲིམས་བརྩི་སྲུང་བྱེད་པ་དེ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་བྱ་བའི་ཕྱོགས་གཙོ་བོར་བརྩིས་ཏེ། མགོ་ཁྲིད་ལས་བྱེད་པས་ཁྲིམས་སློབ་པ་དེ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་དགོས་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།