ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་རྒྱུགས་ལེན་པའམ་སློབ་བསྡུ་ཐད་གྱི་སྒྲིག་འགལ་རྣམ་པ་ཅི་ཡོད་ལ་ཐག་གཅོད་ནན་མོ་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོའི་སློབ་གསོ་ཚགས་པར།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་བསྒྱུར་བྱས།   སྤེལ་དུས། : 2016-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོའི་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་ལེན་བྱ་བ་དེ་ཟླ12པའི་ཚེས24ཉིན་ནས26ཉིན་བར་སྤེལ་རྒྱུ་རེད། ཉེ་ཆར་སློབ་གསོ་པུའུ་ཡིས་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མ་བསྡུ་པའི་རྒྱུགས་ལེན་བདེ་འཇགས་བྱ་བའི་བརྙན་ཟློས་གྲོས་ཚོགས་བསྡུས་ཤིང་། 2017ལོའི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་ལེན་བདེ་འཇགས་བྱ་བ་བཀོད་སྒྲིག་བྱས། སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་ལིན་ཧུའེ་ཆིན་གྱིས་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་།

ལིན་ཧུའེ་ཆིན་གྱིས་བསྟན་དོན། ཞིབ་འཇུག་སློབ་མ་བསྡུ་པའི་རྒྱུགས་ལེན་ནི་རྒྱལ་ཁབ་ཀྱིས་གསར་སྐྲུན་འཇོན་མི་འདེམ་གསེས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། རྒྱུགས་ལེན་བདེ་འཇགས་ནི་ཚན་རིག་ལྟར་འཇོན་མི་འདེམས་པ་དང་སློབ་གསོ་དྲང་བདེན་ཡོང་བའི་རྨང་གཞི་དང་འགན་སྲུང་ཡིན་པ་རེད། མིག་སྔའི་རྒྱུགས་ལེན་བདེ་འཇགས་དེ་སྔར་བཞིན་རྙོག་འཛིང་དང་ཛ་དྲག་གི་གནས་སུ་གྱུར་ཡོད་ལ་སློབ་གསོའི་སློབ་བསྡུ་རྒྱུགས་ལེན་ནི”བདེ་འཇགས་ངང་ཞིབ་འཇུག་སློབ་མ་བསྡུ་བའི”དམིགས་འབེན་དང་ཁྱོན་ཡོངས་ནས་སློབ་བསྡུ་བདེ་འཇགས་དོ་དམ་ལ་ཤུགས་མནན་ནས་ཕན་ཡོད་ནུས་ལྡན་གྱི་བྱེད་ཐབས་བཀོལ་ཏེ་རྒྱུགས་གཞི་དོ་དམ་དང་རྒྱུགས་ར་དོ་དམ་ལ་ཤུགས་སྣོན་རྒྱུ་དང་། སྡེ་ཁག་སོ་སོ་བར་མཉམ་སྡེབ་གཞོགས་འདེགས་བྱས་ནས་གཅིག་བསྡུས་སྒོས་རྒྱུགས་ལེན་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་ཤུགས་ཆེན་པོས་ཁྲིམས་ལུགས་དྲིལ་སྒྲོག་གི་སློབ་གསོ་སྤེལ་བ་དང་། རྒྱུགས་ལེན་བདེ་འཇགས་མ་ལག་དམ་དྲག་ཡོང་བ་བཅས་བྱས་ཏེ་ཁྱོན་ཡོངས་ནས་རྒྱུགས་ལེན་བྱ་བ་བདེ་འཇགས་ཡོང་བར་ཁག་ཐེག་བྱེད་དགོས།

རྒྱལ་ཁབ་ཀྱི་སློབ་གསོ་གཅིག་བསྡུས་སྒོས་རྒྱུགས་ལེན་བྱེད་པར་པུའུ་རིམ་པའི་མཉམ་གྲོས་ཚོགས་འདུའི་ཁོངས་མི་སྡེ་ཁག་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་། ས་གནས་སོ་སོའི་མཐོ་རིམ་སློབ་གྲྭའི་སློབ་བསྡུ་ཨུ་ཡོན་ལྷན་ཁང་དང་དེ་འབྲེལ་གྱི་སྡེ་ཁག་འམ་སློབ་གསོའི་སྲིད་འཛིན་སྡེ་ཁག སློབ་གསོའི་རྒྱུགས་ལེན་དང་སློབ་བསྡུ་སྡེ་ཁག་གི་འགན་ཁུར་བློ་མཐུན། ཞིབ་འཇུག་སློབ་མ་བསྡུ་བའི་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་ཀྱིས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་ནང་ཞུགས་ཡོད་པ་རེད། )

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།