ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་མགོ་མཛིན་མཛད་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་གྱ་བཞི་བ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

张德江主持召开十二届全国人大常委会第八十四次委员长会议.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་གྱ་བཞི་བ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་གྱ་བཞི་བ་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཚོགས་ཐོག་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་བ་དེ་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་པེ་ཅིན་ནས་བསྡུ་རྒྱུའི་ཐག་བཅད། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་གྲོས་གཞི་ལ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་བའི་སྟེང་དམངས་ཁྲིམས་སྤྱིའི་རྩ་དོན་འཆར་ཟིན་དང་ཀྲུང་ལུགས་སྨན་རྫས་བཅའ་ཁྲིམས་འཆར་ཟིན། སྤྱི་ཐུན་རིག་གནས་ཞབས་ཞུའི་འགན་སྲུང་བཅའ་ཁྲིམས་འཆར་ཟིན། ཁོར་ཡུག་སྲུང་སྐྱོབ་དཔྱ་ཁྲལ་བཅའ་ཁྲིམས་འཆར་ཟིན་བཅས་ལ་མུ་མཐུད་དུ་གྲོས་ཞིབ་བྱེད་རྒྱུ་མ་ཟད། པེ་ཅིན་གྲོང་ཁྱེར་དང་ཧྲན་ཞི་ཞིང་ཆེན། ཀྲའེ་ཅང་ཞིང་ཆེན་བཅས་སུ་རྒྱལ་ཁབ་ལྟ་ཞིབ་སྒྲིག་གཞི་བཅོས་སྒྱུར་ཚོད་ལྟའི་བྱ་བ་སྒྲུབ་རྒྱུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་བྱེད་རྒྱུ་སོགས་ཡོད།

ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་གྲོས་གཞིའི་གྲོས་རིམ་ད་རུང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་བསྡུ་རྒྱུའི་གྲོས་ཆོད་འཆར་ཟིན་སྐོར་གྱི་གྲོས་གཞི་ལ་གྲོས་ཞིབ་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོས་ཞིབ་བྱེད་པར་སྤྲད་པའི་ཞིང་ནགས་ཚན་རྩལ་གསར་གཏོད་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་སོགས་སྙན་ཞུ་བཞིར་གྲོས་ཞིབ་བྱེད་པ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་འཐུས་མའི་གྲོས་གཞི་དང་སྐྱོན་རྗོད། བསམ་འཆར་ཐག་གཅོད་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ། འབྲེལ་ཡོད་མི་སྣའི་བསྐོ་འཐེན་འཆར་ཟིན་སོགས་ཡོད།

ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཞོར་དུ་དྲུང་ཡིག་ཆེན་མོའི་འགན་ཁུར་མཁན་ཝང་ཁྲིན་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་བའི་གྲོས་རིམ་འཆར་ཟིན་དང་ཉིན་ཐོའི་གྲོས་རིམ་བཀོད་སྒྲིག་བསམ་འཆར་སོགས་ཐད་ལ་ཡར་ཞུ་ཕུལ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།