ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་སློབ་གསོའི་ཕྱི་ཕྱོགས་སྤེལ་རེས\"མྱུར་བགྲོད་ལམ་བུའི\"ཐོག་སྐྱོད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2016-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སློབ་གསོ་པུའི་པུའུ་ཀྲང་གཞོན་པ་ཧའོ་ཕིང་གིས་སྐབས་བཅུ་གཅིག་པའི་ཁུང་ཙི་སློབ་གླིང་གི་ཚོགས་ཆེན་གྱི་མཇུག་འགྲིལ་མཛད་སྒོའི་ཐོག རང་རྒྱལ་གྱིས་སླད་ཕྱིན་སློབ་གསོའི་ཕྱི་ཕྱོགས་སྒོ་དབྱེའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་སྟེ། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མ་དང་ཀྲུང་གོར་སློབ་སྦྱོང་བྱེད་མཁན་ཕྱི་རྒྱལ་སློབ་མའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ཀྲུང་ཕྱིའི་མཉམ་ལས་སློབ་གཉེར་ཆུ་ཚད་མཐོ་རུ་གཏོང་རྒྱུ་མ་ཟད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་རིམ་པའི་ཐོག་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

  བསྡོམས་རྩིས་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། མིག་སྔར་རང་རྒྱལ་ནི་གོ་ལ་ཧྲིལ་པོའི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མའི་སློབ་ཁུངས་ཀྱི་རྒྱལ་ཁབ་ཆེ་ཤོས་སུ་གྱུར་པ་དང་། 2015ལོར་རང་རྒྱལ་གྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་སྐྱོད་མཁན་སློབ་མ་བསྡོམས་འབོར་ཁྲི་52.37ཟིན་ཡོད། དེ་དང་ཆབས་ཅིག རང་རྒྱལ་ནི་ཨ་རི་དང་དབྱིན་ཇིའི་རྗེས་ཀྱི་འཛམ་གླིང་གི་རྒྱལ་སྤྱིའི་རིག་གཞུང་སྐོར་སྐྱོད་ཀྱི་དམིགས་ས་ཆེན་པོ་གསུམ་པ་དེ་ཡང་ཡིན་ཞིང་། 2015ལོར་ཁྱོན་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་གྱི་སློབ་མ་ཁྲི་40ཙམ་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་ཡོད་པ་རེད།


  ཧའོ་ཕིང་གིས་སླད་ཕྱིན་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་སྐྱོད་མཁན་ཀྲུང་གོའི་སློབ་མ་དང་རང་རྒྱལ་དུ་སློབ་སྦྱོང་བྱེད་པར་ཡོང་མཁན་ཕྱི་རྒྱལ་གྱི་སློབ་མའི་ལས་དོན་ཡག་པོ་བསྒྲུབས་ནས། རང་རྒྱལ་དང་འཛམ་གླིང་ལ་རིགས་ཁག་གི་ཕུལ་བྱུང་ཤེས་ལྡན་པ་གསོ་སྦྱོང་བྱ་རྒྱུ་དང་། རང་རྒྱལ་གྱིས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་གཞུང་མངགས་སློབ་མའི་སྤུས་ཚད་དང་གཞི་ཁྱོན་མུ་མཐུད་མཐོ་རུ་གཏོང་རྒྱུ་ཡིན། 2016ལོར་རང་རྒྱལ་གྱིས་རིགས་ཁག་གི་རྒྱལ་ཁབ་གཞུང་མངགས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་སྐྱོད་མཁན་སློབ་མ་ཁྲི་2.9འདེམས་གཏོང་བྱས་ནས་རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྱོང་ཐད་དགོས་མཁོ་ཆེ་བ་དང་། དཀོན་པ། ཞན་ཆ། སྟོང་ཆ། འགག་རྩ་བཅས་ཀྱི་ཤེས་ལྡན་པ་གཙོ་གནད་དུ་གསོ་སྐྱོང་བྱ་རྩིས་ཡོད་ཅེས་བཤད།

  ཉེ་བའི་ལོས་ཤས་རིང་། རང་རྒྱལ་གྱིས་ཕྱི་རྒྱལ་གྱི་མཐོ་སློབ་དང་མཉམ་ལས་སློབ་གཉེར་བྱས་པར་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། མིག་སྔར། རང་རྒྱལ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་སློབ་གཉེར་སྒྲིག་གཞིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་ལས་སློབ་གཉེར་སྒྲིག་གཞིའི་རྣམ་གྲངས་2469བཙུགས་པར་ཕྱི་རྒྱལ་གྱི་མཐོ་སློབ700ལྷག་ཙམ་ཞུགས་ཡོད་པ་རེད།

  དེ་དང་ཆབས་ཅིག རང་རྒྱལ་གྱི་མཐོ་སློབ་ཀྱིས་ཉེ་བའི་ལོ་ཤས་རིང་ཕྱི་རྒྱལ་གྱི་སློབ་གཉེར་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཞིང་། མིག་སྔར། རང་རྒྱལ་གྱི་མཐོ་སློབ་ཀྱིས་རྒྱལ་ཁབ་14ལ་མཉམ་ལས་སློབ་གཉེར་རྣམ་གྲངས་100བཙུགས་པ་མ་ཟད། རྒྱལ་ཁབ་དང་ས་ཁུལ་44དང་སློབ་གནས་དང་སློབ་རྒྱུས་ཐད་ཕན་ཚུན་ངོས་འཛིན་བྱེད་པའི་གྲོས་མཐུན་ལ་མིང་རྟགས་བཀོད་ནས། སླད་ཕྱིན་སློབ་གནས་ཕན་ཚུན་སྤྲོད་རྒྱུ་དང་མཉམ་འབྲེལ་ཐོག་སྤྲོད་རྒྱུར་ཆ་རྐྱེན་ཡག་པོ་ཞིག་ཀྱང་བཏོད་ཡོད་པ་རེད། “ཀྲུང་གོ་སྲིད་གཞུང་གིས་སྔར་ནས་བཟུང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སློབ་གསོ་ནི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེ་ཞིག་རེད”ཅེས་ཧའོ་ཕིང་གིས་བཤད། མིག་སྔར། རང་རྒྱལ་གྱིས་ཨ་རི་དང་། ཨུ་རུ་སུ། དབྱིན་ཇི། ཧྥ་རན་སི་སོགས་རྒྱལ་ཁབ་དབར་རྒྱལ་ཁབ་རིམ་པའི་སྤེལ་རེས་ལམ་སྲོལ་བཙུགས་ནས། སླད་ཕྱིན་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་ཆུ་ཚད་ཐོག་མཐོ་རུ་བཏང་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་ཕྱོགས་གཉིས་པོ་སྤེལ་རེས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།