ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་བས་ཚན་ཆུང་བགོས་ནས་གྲོས་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

52.jpg

ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་བས་པེ་ཅིན་ནས་ཚན་ཆུང་བགོས་ཏེ་གྲོས་ཚོགས་བསྡུས། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གྲོས་ཞིབ་ལ་ཞུགས།  

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་བས་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར་ཚན་ཆུང་བགོས་ཏེ་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་གྲོང་ཁྱེར་དང་ཧྲན་ཞི་ཞིང་ཆེན། ཀྲའེ་ཅང་ཞིང་ཆེན་བཅས་སུ་རྒྱལ་ཁབ་ལྟ་ཞིབ་སྒྲིག་གཞི་བཅོས་སྒྱུར་ཚོད་ལྟ་བྱ་བ་སྒྲུབ་རྒྱུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་སོགས་ལ་གྲོས་ཞིབ་བྱས། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གྲོས་ཞིབ་ལ་ཞུགས།

ཚོགས་ཞུགས་མི་སྣས་གཅིག་གྱུར་སྒོས་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྒྲིག་གཞི་དང་ལམ་ལུགས་འཛུགས་སྐྲུན་བྱེད་པར་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ་གྲུབ་འབྲས་མངོན་གསལ་བླངས་ཡོད། རྒྱལ་ཁབ་ལྟ་ཞིབ་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་བྱེད་རྒྱུ་ནི་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཁྱོན་ཡོངས་ལ་འབྲེལ་བ་ཡོད་པའི་ཆབ་སྲིད་བཅོས་སྒྱུར་གལ་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལྟར་ས་ཁུལ་ཁ་ཤས་སུ་རྒྱལ་ཁབ་ལྟ་ཞིབ་སྒྲིག་གཞི་བཅོས་སྒྱུར་ཚོད་ལྟ་བྱ་བ་ཐོག་མར་སྤེལ་བ་ནི་རྒྱལ་ཁབ་ལྟ་ཞིབ་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་གོམ་པ་གལ་ཆེན་ཞིག་ཡིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་ལ་ཕབ་པའི་ཚོད་ལྟ་བྱ་བའི་གྲོས་ཆོད་དེ་ཏང་གི་འདོད་བློ་ཁྲིམས་བཀོད་བརྒྱུད་རིམ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་འདོད་བློར་སྒྱུར་བས། ཚོད་ལྟ་བྱ་བ་བདེ་བླག་ངང་སྒྲུབ་པར་ཁག་ཐེག་བྱེད་པར་ཧ་ཅང་དགོས་ངེས་ཤིག་ཡིན་པར་སྙམ།

ཚོགས་ཞུགས་མི་སྣས་གྲོས་ཆོད་འཆར་ཟིན་དེར་ཧ་ཅང་འཐད་པའི་ཚུལ་བསྟན་པར་མ་ཟད། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་སྤྲད་དེ་གྲོས་ཞིབ་བྱེད་པ་དང་གྲོས་འཆམ་འབྱུང་དུ་འཇུག་དགོས་པའི་གྲོས་གཞི་བཏོན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།