ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དྲིལ་སྒྲོག་མཚམས་སྦྱོར་ཚོགས་པས་རྒྱལ་ཁབ་མང་པོར་སོང་ནས་སྒྲོག་འགྲེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཕྱི་རྒྱལ་དུ་དྲིལ་སྒྲོག་མཚམས་སྦྱོར་བྱེད་པའི་བྱ་བ་སྔ་གཞུག་ཏུ་སྒྲུབ་མགོ་བརྩམས། དྲིལ་སྒྲོག་མཚམས་སྦྱོར་ཚོགས་པ་མང་པོས་ཁུ་པ་དང་སུའུ་ཏན། མོ་ཞི་ཁོ། ཨ་ཀུན་ཐིན། མ་ལེ་ཞི་ཡ། ཡོ་རོབ་གླིང་མནའ་འབྲེལ་སྤྱི་ཁྱབ་པུའུ་བཅས་ལ་འཚམས་འདྲི་བྱས་ནས། ས་དེའི་སྲིད་གཞུང་གི་དཔོན་པོ་དང་ཏང་སྲིད་འཐུས་མི་གཙོ་བོ། རིག་གནས་པ། སྨྱན་བྱད་གཙོ་བོ། བཟོ་ཚོང་ལས་རིགས་ཀྱི་འཐུས་མི། ཕྱི་སྡོར་རང་མི་དང་ཀྲུང་གོ་བ་བཅས་དང་བཞུགས་མོལ་བརྗེ་རེས་བྱས་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་སོགས་ཐད་ལ་ཡོངས་ཁྱབ་ཏུ་བརྗེ་རེས་བྱས།

རྒྱལ་ཁབ་མང་པོའི་མཛའ་མཐུན་མི་སྣས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་བླངས་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་བྱེད་ཐབས་གལ་ཆེན་མང་པོ་ཀྲུང་གོར་འབྲེལ་བ་ཡོད་ལ། འཛམ་གླིང་ལའང་ཤུགས་རྐྱེན་ཐེབས་སྲིད་པས། འབྲེལ་འདྲིས་དང་བརྗེ་རེས་ལ་ཤུགས་བསྣན་ཏེ། ཀྲུང་གོ་ཕྱོགས་ཀྱི་མཉམ་ལས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།