ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཡུན་ཧྲན་རྒྱལ་ཡོངས་ལས་བྱེད་པ་རྒན་པའི་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལ་ཞུགས

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

01.jpg

ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཡོངས་ལས་བྱེད་པ་རྒན་པའི་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།


02.jpg

ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཡོངས་ལས་བྱེད་པ་རྒན་པའི་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་རྒྱལ་ཡོངས་ལས་བྱེད་པ་རྒན་པའི་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་འཐུས་མིར་མཇལ་འཕྲད་གནང་བར་མ་ཟད་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཡོངས་ལས་བྱེད་པ་རྒན་པའི་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་རྒྱལ་ཡོངས་ལས་བྱེད་པ་རྒན་པའི་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་འཐུས་མིར་མཇལ་འཕྲད་གནང་བར་མ་ཟད་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཛུབ་སྟོན་གལ་ཆེན་ལས་ཏང་ཀྲུང་དབྱང་གིས་རྒྱ་ཆེའི་ལས་བྱེད་པ་རྒན་པར་བརྩི་འཇོག་དང་སེམས་ཁུར་བྱེད་པ་དང་། ལས་བྱེད་པ་རྒན་པའི་བྱ་བ་སྒྲུབ་མཁན་ལ་རེ་བ་ནན་མོ་བཏོན་པ་མཚོན་ཡོད། གནས་བབ་གསར་བའི་འོག་ལས་བྱེད་པ་རྒན་པའི་བྱ་བ་བཟང་བོར་སྒྲུབ་དགོས་ན། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། བསམ་བློའི་ངོས་འཛིན་ཇེ་མཐོར་གཏོང་བ་དང་། ལས་འགན་དང་རེ་བ་གཏན་འཁེལ་གསལ་བོ་བྱས་ཏེ། བྱ་བ་བཟང་བོར་སྒྲུབ་པའི་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་གཏོང་དགོས་ལ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་གཏན་ལ་ཕབ་པའི་རེ་བ་གསར་ཁོང་དུ་ཆུད་པར་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་རྒན་པས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་བྱང་ཚད་མཐོ་བ། ཏང་གཤིས་བཟང་བ་བཅས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱེད་པར་ཁྲིད་སྟོན་བྱས་ཏེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་མཁན་དང་ལག་ལེན་མཁན་བྱེད་པ་དང་། ཏང་ཡོན་སྔར་ལས་མང་པོ་སྣེ་ཁྲིད་བྱས་ནས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། སྔོན་ཐོན་དཔེ་ལེགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ལི་ཅི་མཇལ་འཕྲད་ལ་ཞུགས་པར་མ་ཟད་གཟེངས་བསྟོད་ཚོགས་ཆེན་ལ་མགོ་འཛིན་བྱས་ཏེ། ཞི་ཅིན་ཕེན་གྱི་མཛུབ་སྟོན་གལ་ཆེན་སྒྲོག་འདོན་བྱས།

ཚོགས་ཆེན་སྟེང་རྒྱལ་ཡོངས་ལས་བྱེད་པ་རྒན་པའི་བྱ་བའི་སྔོན་ཐོན་ཐུན་མོང་བརྒྱ་དང་དྲུག་དང་། སྔོན་ཐོན་མི་སྒེར་སུམ་བརྒྱ་དང་དྲུག་ལ་གཟེངས་བསྟོད་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།