ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི2017ལོའི་ལོ་སར་གྱི་ཤིས་ཚིག་ཕུལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-01-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

e63c3fc2a489dfd4a9d89d22aaed66cc.jpg

ལོ་སར་གྱི་སྔོན་དག་དག་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀྲུང་གོ་རྒྱལ་སྤྱིའི་རྒྱང་སྒྲོག་ཁང་དང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ཁང་། ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་ཁང་དང་མཉམ་འབྲེལ་དྲ་རྒྱ་བཅས་བརྒྱུད་དེ2017ལོའི་ལོ་སར་གྱི་ཤིས་ཚིག་ཕུལ། 

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་སར་གྱི་སྔོན་དག་དག་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀྲུང་གོ་རྒྱལ་སྤྱིའི་རྒྱང་སྒྲོག་ཁང་དང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ཁང་། ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་ཁང་དང་མཉམ་འབྲེལ་དྲ་རྒྱ་བཅས་བརྒྱུད་དེ2017ལོའི་ལོ་སར་གྱི་ཤིས་ཚིག་ཕུལ།

ཞི་ཅིན་ཕེན་གྱིས་ཤིས་ཚིག་ནང་གསུངས་རྒྱུར། ལོ་རྙིང་ཕར་སྐྱེལ་བ་དང་ལོ་སར་ཚུར་བསུ་བའི་སྐབས་འདིར། ངས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐའེ་ཝན་སྤུན་ཟླ་དང་ཕྱི་སྡོར་རང་མི། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ས་གནས་སོ་སོའི་གྲོགས་པོ་བཅས་ལ་ལོ་སར་གྱི་སྨོན་འདུན་ཞུས་པ་ཡིན་ཟེར། 2016ལོར་ཀྲུང་གོ་མི་དམངས་ལ་མཚོན་ན། སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་ལ། བརྗེད་དཀའ་བའི་ལོ་ཞིག་ཀྱང་ཡིན། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་མགོ་བཟང་བོ་ཞིག་ཚུགས། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཧུར་ཐག་སྒོས་ལག་བསྟར་བྱས་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་སྟེ། རང་རྒྱལ་གྱི་དཔལ་འབྱོར་འཕར་ཚད་མུ་མཐུད་དུ་འཛམ་གླིང་གི་མདུན་གྲས་སུ་བསླེབས་ཡོད། ང་ཚོས་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པར་སྐུལ་འདེད་བཏང་སྟེ། འདོན་སྤྲོད་ཕྱོགས་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས། ཁྱབ་ཁོངས་སོ་སོའི་བཅོས་སྒྱུར་བྱ་བའི་སྤྱི་ཁོག་གཙོ་བོ་ཕལ་ཆེར་གཏན་འཁེལ་བྱས། ང་ཚོས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་དང་། ཁྲིམས་འཛིན་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་བྱེད་པར་སྐུལ་འདེད་བཏང་བར་མ་ཟད། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཁྲིམས་འཛིན་དྲང་བཞག་དང་སྤྱི་ཚོགས་དྲང་བདེན་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བཏང་། ང་ཚོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་སྟེ། བློ་བརྟན་འགྱུར་མེད་སྒོས་རུལ་སུངས་ལ་ངོ་རྒོལ་བྱས་པ་དང་། ཆབ་སྲིད་སྐྱེ་ཁམས་མུ་མཐུད་དུ་དག་གཙང་བྱས་ནས། ཏང་སྲོལ་དང་ཆབ་སྲིད་ཀྱི་ཀུན་སྤྱོད། སྤྱི་ཚོགས་ཀྱི་དར་སྲོལ་བཅས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་ཡོད་ཟེར།

ཤིས་ཚིག་ནང་བཀོད་དོན། 2017ལོར་ཀྲུང་གོ་གུང་ཁྲན་ཏང་གིས་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསྡུ་རྒྱུ་ཡིན་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་བཅས་ཐད་ལ་མུ་མཐུད་དུ་འབད་འཐབ་བྱེད་དགོས་པས། ང་ཚོས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་འབད་བརྩོན་ལྷོད་མེད་བྱས་ན། ང་ཚོའི་ཕུགས་འདུན་དངོས་སུ་མངོན་འགྱུར་བྱེད་ཐུབ་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།