ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་སུའེ་ཙེར་རྒྱལ་ཁབ་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཧྲི་ཐ་ཨར་དང་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་པེ་ཧྲའོ་ཧྥུའུ་པེ་ཨར་ཀི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་དྲུག་ཉིན་པོ་ཨར་ཉི་ནས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཧྲི་ཐ་ཨར་དང་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་པེ་ཧྲའོ་ཧྥུའུ་པེ་ཨར་ཀི་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་ཀྱིས་ང་ཚོས་ཕན་ཚུན་གྱིས་བདམས་པའི་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་བགྲོད་ལམ་ལ་བརྩི་བཀུར་བྱས་ཏེ། འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ན། ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་གོང་འཕེལ་དུ་འགྲོ་ཐུབ། ཀྲུང་གོས་སུའེ་ཙེར་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་ཀྱི་མཐོ་རིམ་འགྲོ་འོང་གི་གནས་བབ་སྲུང་འཛིན་གྱིས་གསར་སྐྲུན་ལ་བརྟེན་ནས་ཀྲུང་གོ་དང་སུའེ་ཙེར་གྱི་དངོས་གཉེར་མཉམ་ལས་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་འདོད་ཡོད་ལ། མི་ཚུལ་བརྗེ་རེས་ལ་ཤུགས་སྣོན་པ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་གོང་འཕེལ་ལ་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ལོ་མང་པོའི་རིང་ལ། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གིས་འགྲོ་འོང་དང་མཉམ་ལས་ཟབ་མོ་སྲུང་འཛིན་བྱས་ཏེ། ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བ་བདེ་ཐང་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་རིམ་པ་སོ་སོའི་བརྗེ་རེས་ལ་ཤུགས་བསྣན་ནས། ཁྲིམས་ལུགས་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས་ཟེར།

ཧྲི་ཐ་ཨར་དང་པེ་ཧྲའོ་ཧྥུའུ་པེ་ཨར་ཀི་གཉིས་ཀྱིས་སུའེ་ཙེར་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་གཏོང་བར་འབད་བརྩོན་བྱེད་འདོད་ཡོད་ལ། ཕྱོགས་གཉིས་ཀྱི་འབྱོར་ཚོང་དང་སློབ་གསོ་སོགས་ཁྱབ་ཁོངས་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

དབྱང་ཅེ་ཁྲི་སོགས་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།