ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གྲོས་ཚོགས་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

全国统战部长会议在京召开1.jpg

ཟླ་དང་པོའི་ཚེས་བཅུ་དྲུག་ཉིན། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གྲོས་ཚོགས་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། 

全国统战部长会议在京召开2.jpg

ཟླ་དང་པོའི་ཚེས་བཅུ་དྲུག་ཉིན། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གྲོས་ཚོགས་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གྲོས་ཚོགས་ཚེས་བཅུ་དྲུག་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་གསུངས་རྒྱུར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་དེ་ལག་ལེན་མཐར་ཕྱིན་བྱས་ནས། བློ་བརྟན་འགྱུར་མེད་སྒོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། འཐབ་ཕྱོགས་གཅིག་གྱུར་བྱ་བ་དེ་ཆུ་ཚད་གསར་བ་ཞིག་ཏུ་བསླེབས་པར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུ་བྱེད་དགོས་ཟེར།

ཡུས་ཀྲིན་ཧྲིན་གྱིས་འདས་པའི་ལོ་གཅིག་གི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཁས་ལེན་གང་ལེགས་མཛད་རྗེས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསྡུ་བར་ཁོར་ཡུག་བཟང་བོ་སྐྲུན་རྒྱུ་ནི་ད་ལོའི་འཐབ་ཕྱོགས་གཅིག་གྱུར་བྱ་བས་ངེས་པར་དུ་སྒྲུབ་དགོས་པའི་བྱ་བ་གཙོ་བོ་ཡིན་པས། ངེས་པར་དུ་ཐུན་མོང་གི་ལྟ་བ་ཡོངས་ཁྱབ་ཏུ་གཅིག་ཏུ་བསྡུ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཕྱི་སྒྲུབ་པ། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་པ་བཅས་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན།

ཡུས་ཀྲིན་ཧྲིན་གྱིས་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཕྱོགས་གཙོ་བོ་ནི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཡིན་པས། ཏང་གི་འཛུགས་སྐྲུན་དང་འཐབ་ཕྱོགས་གཅིག་གྱུར་བྱ་བ་གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་ཡོང་བར་བྱེད་པ་དང་། དེར་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

སུང་ཁྲུན་ལན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།