ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ac0551dfee4e6b2d6ad4398db024c8a9.jpg

ཟླ་དང་པོའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སུའེ་ཙེར་གྱི་ཏ་ཝོ་སི་ནས་བུའུ་ཁི་ལན་གྱི་ཙུང་ཐུང་པིའོ་ལོ་ཧྲིན་ཁི་ལ་མཇལ་འཕྲད་གནང་། 
 21855d0dab0206c08c6f9720514a9829.jpg

ཟླ་དང་པོའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སུའེ་ཙེར་གྱི་ཏ་ཝོ་སི་ནས་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ལ་མཇལ་འཕྲད་གནང་།
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཏ་ཝོ་སི་ནས་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཉེར་ལྔ་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་བརྩི་འཇོག་བྱེད་པ་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་ལྟར་མཉམ་ལས་བྱས་ཏེ། གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཝུའུ་ཁི་ལན་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཝུའུ་ཁི་ལན་བར་གྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་བར་གྱི་འགྲོ་འོང་ཇེ་དམ་དུ་བཏང་སྟེ། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། སློབ་གསོ་དང་རིག་གནས་འཕྲོད་བསྟེན། ལུས་རྩལ། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་པོའི་ལས་ཁུངས་ཁྲོད་ཀྱི་གྲོས་མོལ་དང་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། ང་ཚོས་ཝུའུ་ཁི་ལན་གྱིས་སྤྱི་ཚོགས་བརྟན་འཇགས་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་སྲུང་འཛིན་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ལ། ཆབ་སྲིད་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་ལ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཟེར།

པའོ་ལོ་ཧྲིན་ཁི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་ཧ་ཅང་གལ་ཆེ། ད་ལོ་ནི་ཝུའུ་ཁི་ལན་དང་ཀྲུང་གོ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཉེར་ལྔ་འགོར་བའི་ལོ་ཡིན། ཝུའུ་ཁི་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།