ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱིས་བློ་མཐུན་རྒན་པར་འཚམས་འདྲི་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལུགས་རྙིང་ལོ་སར་གྱི་སྔོན་ཏག་ཏག་ལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་སོ་སོར་ཅང་ཙེ་མེན་དང་ཧུའུ་ཅིན་ཐོ། ལིས་ཕུན། ཀྲུའུ་རོང་ཅི། ལིས་རོས་ཧོན། ཝུའུ་པང་གོ། ཝུན་ཅ་པའོ། ཅ་ཆིན་ལིན། སུན་ཕེན། ལིས་ལན་ཆིན། ཙིན་ཆིན་ཧུང་། ཝུའུ་ཀོན་ཀྲིན། ལིས་ཁྲང་ཁྲུན། ལའོ་ཀན། ཧི་གོ་ཆང་། ཐེན་ཅི་ཡུན། ཁྲི་ཧོ་ཐེན། ཅང་ཁྲུན་ཡུན། ཆན་ཆི་ཁྲིན། ཝང་ལི་ཆོན། ཝང་ཀྲའོ་གོ ཧོས་ལེང་ཡུས། ལིག་ཆི། ཝུའུ་དབྱི། ཚའོ་ཀང་ཁྲོན། ཙིན་ཕེ་ཡན། ཝང་ཀང་། ཝང་ཧན་པེན། ཧི་ཡུང་། པུའུ་ཧི། ཐེའུ་མུའུ་ཨར་ཏ་ཝ་མེད་ཐིས། ཕུན་ཕེ་ཡུན། ཀྲིག་ཀོང་ཀྲའོ། ཟི་མ་དབྱི་ཨེ་མེད་ཐིས། ཧི་ལུའུ་ལིས། ཀུའུ་ཞིག་ལེན། རགས་བསྡུས། ཧྲིན་ཧྭ་རིན། ཝུའུ་ཡུན་ཆི་མུའུ་ཀི། ཝན་གོ་ཆོན། ལིས་མིན། ཀྲང་ཧོད་ཞི། པེ་ལིས་ཁྲིན། སུན་ཅ་ཀྲིན། ལིས་ཅིན་ཧྭ། ཏིན་ཕུའུ་ཧྥང་། ཁྲིན་ཙུང་ཞིན། ཝང་ཀྲི་ཀྲིན་སོགས་བློ་མཐུན་རྒན་པར་འཚམས་འདྲི་ཞུས་པ་དང་ཡང་ན་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་མངགས་ནས་འཚམས་འདྲི་ཞུས་ཏེ། བློ་མཐུན་རྒན་པ་རྣམས་ལ་ལྷག་བསམ་རྣམ་དག་སྒོས་དུས་ཆེན་གྱི་འཚམས་འདྲི་ཞུས་པར་མ་ཟད། བློ་མཐུན་རྒན་པ་རྣམས་ལ་ལུགས་རྙིང་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་དང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས།

བློ་མཐུན་རྒན་པ་རྣམས་ཀྱིས་དེར་བཀའ་དྲིན་ཞུས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་མངོན་གསལ་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བཟང་བོ་དང་དངོས་འབེབ་བཟང་བོ་བྱས་ནས། ཁྱོན་ཡོངས་བཞིའི་འདུ་ཤེས་སྔར་ལས་ཇེ་ཆེར་གཏོང་བ་དང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་བ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་བ། བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དམ་པོར་བཅངས་པ་དང་ལག་ལེན་མཐར་ཕྱིན་བྱེད་པ་བཅས་བྱས་ནས། དམངས་སེམས་གཅིག་མཐུན་དང་དཀའ་སྤྱད་འབད་འཐབ་བྱས་ཏེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་རེ་བ་བཏོན།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།