ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཡུན་ནན་དུ་འཚམས་འདྲི་དང་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

938b57280bde7b9d44570ff6cea0b60d.jpg

ཟླ་དང་པོའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་ཏེ། ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཡུན་ནན་ཞིང་ཆེན་གྱི་ཀྲའོ་ཐུང་དང་ཁུན་མེན་ནས་རྟོག་ཞིབ་མཛད་དེ། རིགས་སོ་སོའི་མང་ཚོགས་ལ་ལོ་སར་གྱི་སྨོན་འདུན་ཞུས། འདི་ནི་ཟླ་དང་པོའི་ཚེས་ཉེར་གསུམ་ཉིན། ལིས་ཁི་ཆང་གིས་ཀྲའོ་ཐུང་གྲོང་ཁྱེར་ཀྲའོ་ཐུང་ཆུའུ་སཱ་ཡུས་གྲོང་རྡལ་ལེན་ཧི་སྡེ་བ་རུ་སྡེ་མི་ལ་འཚམས་འདྲི་མཛད་དེ། དབུལ་སྐྱོར་གསར་སྤེལ་དང་གནད་ཕིགས་དབུལ་སྐྱོར་གྱི་གནས་ཚུལ་ལ་རྒྱུས་ལོན་མཛད་བཞིན་པའི་ཚུལ་རེད། 

3617aadc82a6d458b805bc674ff4b787.jpg

འདི་ནི་ཟླ་དང་པོའི་ཚེས་ཉེར་གསུམ་ཉིན། ལིས་ཁི་ཆང་གིས་ཀྲའོ་ཐུང་གྲོང་ཁྱེར་གྱི་ལོ་སར་ཁྲོམ་ར་རུ་ལོ་སར་གྱི་ཁྲོམ་རའི་མཁོ་འདོན་དང་ཟས་རིགས་བདེ་འཇགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་མཛད་པའི་ཚུལ་རེད། 

82528ae837e5338fb75a3d28f55abbef.jpg

འདི་ནི་ཟླ་དང་པོའི་ཚེས་ཉེར་གསུམ་ཉིན། ལིས་ཁི་ཆང་གིས་ཀྲའོ་ཐུང་གྲོང་ཁྱེར་ལུའུ་ཏེན་རྫོང་ལུང་ཐིག་ཧྲན་གྲོང་རྡལ་གྱི་ཀན་ཅ་ཀྲའེ་མང་ཚོགས་བཀོད་སྒྲིག་བྱེད་ས་རུ་མང་ཚོགས་ལ་འཚམས་འདྲི་མཛད་པའི་ཚུལ་རེད། 

34a79e0a08edebebca2e7345e6e266b9.jpg

འདི་ནི་ཟླ་དང་པོའི་ཚེས་ཉེར་གསུམ་ཉིན། ལིས་ཁི་ཆང་གིས་ཀྲའོ་ཐུང་གྲོང་ཁྱེར་ཀྲའོ་དབྱང་ཆུའུ་ས་ཡུས་གྲོང་རྡལ་ལེན་ཧི་སྡེ་བ་རུ་རྟོག་ཞིབ་མཛད་པའི་ཚུལ་རེད། 

afbb7082d60d74165f2fb264aa80eda4.jpg

འདི་ནི་ཟླ་དང་པོའི་ཚེས་ཉེར་བཞི་ཉིན། ལིས་ཁི་ཆང་གིས་ཡུན་ནན་པའེ་ཡའོ་སྨན་རྫས་སྡེ་ཚོགས་ནས་མི་རིགས་ཀྱི་ཚོང་རྫས་གྲགས་ཅན་གསར་སྐྲུན་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་ལ་རྟོག་ཞིབ་མཛད་པའི་ཚུལ་རེད། 

a6d025a096acadbd0d221924fa8367fe.jpg

འདི་ནི་ཟླ་དང་པོའི་ཚེས་ཉེར་བཞི་ཉིན། ལིས་ཁི་ཆང་གིས་ཡུན་ནན་དགེ་ཐོན་སློབ་ཆེན་གྱི་སློབ་ར་རུ་ཡོད་པའི་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་ཤུལ་རྙིང་དུ་རྟོག་ཞིབ་མཛད་པའི་ཚུལ་རེད། 

6b5898c40352ffa4607bdd3e1ce640f0 (1).jpg

འདི་ནི་ཟླ་དང་པོའི་ཚེས་ཉེར་བཞི་ཉིན་གྱི་དགོང་མོར། ལིས་ཁི་ཆང་ཁུན་མེན་གྲོང་ཁྱེར་གྱི་མེ་ཏོག་ཁྲོམ་ར་རུ་ཕེབས་ནས་མེ་ཏོག་བཙོང་བའི་ཡོང་སྒོ་དང་ཕྱིར་འཚོང་གི་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་ཏེ། ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཡུན་ནན་ཞིང་ཆེན་གྱི་ཀྲའོ་ཐུང་དང་ཁུན་མེན་གྲོང་ཁྱེར་དུ་རྟོག་ཞིབ་མཛད་དེ། རིགས་སོ་སོའི་མང་ཚོགས་ལ་ལོ་སར་གྱི་སྨོན་འདུན་ཞུས།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལུའུ་ཏེན་ས་འགུལ་གྱི་གནོད་ཐེབས་ས་ཁུལ་གྱི་སླར་གསོ་བསྐྱར་འཛུགས་བྱ་བར་ཧ་ཅང་མཐོང་ཆེན་གནང་བཞིན་ཡོད། ལིས་ཁི་ཆང་ས་འགུལ་དེའི་གནོད་པ་ཆེས་ཚབས་ཆེ་བའི་ལུང་ཐིག་ཧྲན་གྲོང་རྡལ་དུ་ཕེབས་ནས་བསྐྱར་འཛུགས་གནས་ཚུལ་ལ་རྟོག་ཞིབ་མཛད་པ་དང་། ལོ་གཉིས་ལྷག་གི་རིང་ལ་བསྐྱར་འཛུགས་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཚབ་བྱས་ཏེ་ཚང་མར་འཚམས་འདྲི་ཞུས་པ་ཡིན་ཞེས་གསུངས། སྡེ་མིའི་ཁྱིམ་དུ། ལིས་ཁི་ཆང་གིས་སྡེ་མི་ཚོ་ཁྱིམ་མི་ལྷན་འཛོམས་བྱུང་ནས་ལོ་སྐྱིད་པོ་ཞིག་སར་ཐུབ་པའི་སྨོན་འདུན་ཞུས།

རི་འགོ་རུ་ཆགས་པའི་ཡུས་ཅ་ཏ་ཁྲུང་སྡེ་བའི་ཁྱིམ་ཚང་ཡོད་ཚད་དབུལ་ཕོངས་ཁྱིམ་ཚང་ཡིན། ལིས་ཁི་ཆང་སྡེ་བ་དེའི་ཁྱིམ་ཚང་འགའ་རུ་ལོ་སར་ལ་ཕེབས་ནས། ཁྲོམ་ར་ནས་ཉོས་པའི་ལོ་སར་གྱི་དངོས་རྫས་ཁོ་ཚོར་བྱིན། ས་ཁང་གིས་རླུང་བསེར་བུ་ཁོག་གིན་མེད་པ་དང་། མི་དང་ཕྱུགས་ཟོག་མཉམ་དུ་བསྡད་ཡོད་པའི་གནས་ཚུལ་མཐོང་རྗེས། ལིས་ཁི་ཆང་གིས་སེམས་ཁུར་ཆེན་པོས་བཟའ་འབྲུ་ཡིས་འདང་མིན་དང་། མ་མཐའི་འཚོ་བའི་འགན་སྲུང་དུ་ཞུགས་ཐུབ་ཡོད་མེད། ལོ་སར་གྱི་ཉོ་ཚོང་བརྒྱབ་ཡོད་མེད་སོགས་ཀྱི་གནས་ཚུལ་དྲིས། ལིས་ཁི་ཆང་སྡེ་མི་རྣམས་དང་མཉམ་དུ་བཙོག་ནས་མྱུར་དུ་དབུལ་ཕོངས་ལས་ཐར་བར་བྱེད་པའི་ཐབས་ཤེས་སྐོར་ནས་གྲོས་སྡུར་བྱས། ཁོང་གིས་གསུངས་རྒྱུར། ཏང་དང་སྲིད་གཞུང་གིས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པར་རོགས་རམ་བྱེད་ངེས་ཡིན་ལ། འབྲེལ་ཡོད་སྡེ་ཁག་གིས་ས་གནས་ཀྱིས་ཡུལ་བབ་དང་བསྟུན་པ་དང་རྐྱེན་སྲོལ་གསར་སྐྲུན་བྱས་ཏེ། ཐབས་ལམ་མང་པོར་བརྟེན་ནས་དབུལ་སྐྱོར་གནས་སྤོར་གྱི་མ་དངུལ་བརྩོན་ལེན་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ། ཁང་རྙིང་ཁུལ་བསྒྱུར་བཀོད་ཀྱི་ཤུགས་ཚད་ཇེ་ཆེར་གཏོང་བ་བཅས་བྱེད་དགོས་ལ། ཚང་མས་མཉམ་དུ་འབད་བརྩོན་བྱས་ན། འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་འགྲོ་སྲིད་པ་ཤ་སྟག་ཡིན་ཟེར།

ཀྲའོ་ཐུང་གྲོང་ཁྱེར་གྱི་ཁྲོམ་ར་ནས་ལིས་ཁི་ཆང་གིས་ཚང་མས་ལོ་སར་གྱི་ཉོ་ཚོང་རྒྱག་པར་གཟིགས་པ་མ་ཟད། དབུལ་ཕོངས་མང་ཚོགས་སྟེར་རྒྱུའི་དངོས་པོ་སྐོར་ཞིག་ཉོས་པ་དང་། ཁོང་གིས་ད་དུང་དངོས་རྫས་ཉོ་མཁན་དང་བཙོང་མཁན་ཚང་མ་ལོ་སར་ལ་དགའ་དགའ་སྐྱིད་སྐྱིད་ཡོང་བའི་སྨོན་འདུན་ཞུས།

ཡུན་ནན་པའེ་ཡའོ་སྨན་རྫས་སྡེ་ཚོགས་ནས། ལིས་ཁི་ཆང་གིས་ཁོ་ཚོས་ཁེ་ལས་པའི་སྙིང་སྟོབས་དར་སྤེལ་བྱས་ཏེ། མི་རིགས་སྨན་རྫས་ཐོན་ལས་ཀྲུང་གོ་ནས་རྐང་འཛུགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་པར་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་གནང་།

ཡུན་ནན་ནུས་ཁུངས་དངུལ་གཏོང་སྡེ་ཚོགས་ནས། ལིས་ཁི་ཆང་གིས་གློག་ཤུགས་སྒྲིག་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཁུལ་ཁོངས་སྔར་ལས་ཆེན་པོ་ནས་ཆུ་གློག་ཐོན་ཁུངས་ལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། ཚད་ཆེས་མཐོ་བའི་སྒོ་ནས་ཆུ་གློག་བཀོལ་ཏེ་ཆུ་གློག་མེ་གསུམ་གྱི་བརྟན་བརླིང་འཁོར་སྐྱོད་མངོན་འགྱུར་བྱེད་དགོས་པའི་ཐུགས་རེ་བཏོན།

ཁུན་མེན་གྲོང་ཁྱེར་གྱི་མེ་ཏོག་ཁྲོམ་ར་ནས། ལིས་ཁི་ཆང་གིས་མེ་ཏོག་བཙོང་མཁན་ལ་འཚམས་འདྲི་མཛད་དེ། ཁོ་ཚོར་ཁྲོམ་ར་ཆེན་པོ་སྐྱེད་སྲིང་བྱེད་པར་ཁོར་ཡུག་སྔར་ལས་བཟང་པོ་སྐྲུན་དགོས་ཞེས་གསུངས།

ལིས་ཁི་ཆང་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་ཤུལ་རྙིང་དུ་ཕེབས་ཏེ། དགེ་སློབ་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་། ཁོང་གིས་སློབ་མ་རྣམས་ལ་མཉམ་འབྲེལ་སློབ་ཆེན་གྱི་མི་རིགས་ཀྱི་ཉམས་པ་མེད་པའི་སྙིང་སྟོབས་དང་རྩ་ཆེ་བའི་རང་གཤིས་རྒྱུན་འཛིན་དང་དར་སྤེལ་བྱེད་དགོས་ཞེས་བསྟན། 
ལིས་ཁི་ཆང་གིས་ཡུན་ནན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པ་དང་། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག འཕེལ་རྒྱས་ལས་འགན་དང་པོར་བརྩི་བ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་ཐིག་ཏུ་བརྩི་བ། སྤྱིའི་དགོས་མཁོ་འོས་འཚམ་གྱིས་རྒྱ་བསྐྱེད་པ། བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ནས་སྒུལ་ནུས་གསར་རྙིང་མྱུར་དུ་བརྗེ་སྤོར་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་གནས་བབ་བཟང་པོ་སྲུང་འཛིན་བྱེད་དགོས་པའི་ཐུགས་རེ་བཏོན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།